འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་3ཉིན།

༄༅།།རླུང་ཆེན་པོ་ལྡང་རྒྱུ་ཡིན་པ་སྟེ། བོད་ལྗོངས་དང་མཚོ་སྔོན་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་རླུང་རིམ་7ནས་9བར་ལྡང་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་03ཉིན། 14:29】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཀྲུང་དབྱང་གནམ་དཔྱད་ལས་ཁུངས་ཀྱི་དྲ་ཚིགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་3ཉིན་གྱི་ཆུ་ཚོད་6པར་ཀྲུང་དབྱང་གནམ་དཔྱད་ལས་ཁུངས་ཀྱིས་རླུང་ཆེན་ལྡང་རྒྱུའི་ཉེན་བརྡ་སྔོན་པོ་མུ་མཐུད་ཁྱབ་བསྒྲགས་བྱས་པ་སྟེ།

     སྔོན་དཔག་བྱས་པར་གཞིགས་ན། ཟླ་12ཚེས་3ཉིན་གྱི་ཆུ་ཚོད་8ནས་ཚེས་4ཉིན་གྱི་ཆུ་ཚོད་8བར་བོད་ལྗོངས་ཀྱི་བྱང་རྒྱུད་དང་། མཚོ་སྔོན་ལྷོ་རྒྱུད། ནང་སོག་དབུས་ཤར་རྒྱུད། ཧོ་པེ་བྱང་རྒྱུད། ལེའོ་ཏུང་ཕྱེད་གླིང་། ཧྲན་ཏུང་ཕྱེད་གླིང་སོགས་ས་ཁུལ་ཁ་ཤས་སུ་རླུང་རིམ་པ་5ནས་6བར་དང་། ཐོལ་རླུང་རིམ་པ་7ནས་9བར། པོ་ཧའེ་རྒྱ་མཚོ་མང་ཆེ་བ་དང་། པོ་ཧའེ་མཚོ་འགག རྒྱ་མཚོ་སེར་པོ་མང་ཆེ་བ། ཤར་རྒྱ་མཚོ། ཐའེ་ཝན་མཚོ་འགག ཐའེ་ཝན་ཤར་ཕྱོགས་ཀྱི་རྒྱ་མཚོའི་ངོས། པ་ཧྲི་མཚོ་འགག ལྷོ་རྒྱ་མཚོའི་བྱང་རྒྱུད་དང་དབུས་རྒྱུད། བྱང་རྒྱུད་མཚོ་ཁུག་ལྷོ་རྒྱུད་མཚོ་ཁོངས་བཅས་ཀྱི་མཚོ་ཁོངས་སུ་རླུང་རིམ་པ་7ནས་8དང་ཐོལ་རླུང་རིམ་པ་9ནས་10བར་ལྡང་རྒྱུ་ཡིན་པ་དང་། དེའི་ནང་ཐའེ་ཝན་མཚོ་འགག་གི་མཚོ་ཁོངས་ཁག་གཅིག་ལ་རླུང་རིམ་པ་9ནས་10དང་ཐོལ་རླུང་རིམ་པ་11ནས་12བར་སླེབས་རྒྱུ་རེད།

     ཟླ་12ཚེས་4ཉིན་གྱི་ཆུ་ཚོད་8པ་ནས་ཚེས་5ཉིན་གྱི་ཆུ་ཚོད་8བར་བོད་ལྗོངས་བྱང་རྒྱུད་དང་། མཚོ་སྔོན་ལྷོ་ཕྱོགས། ནང་སོག་དབུས་ཤར་ཕྱོགས། ཀན་སུའུ་བྱང་ཕྱོགས། ཧོ་པེ་བྱང་ཕྱོགས། ལེའོ་ཏུང་ཕྱེད་གླིང་། ཧྲན་ཏུང་ཕྱེད་གླིང་སོགས་ས་ཁུལ་ཁ་ཤས་སུ་རླུང་རིམ་པ་5ནས་6བར་དང་ཐོལ་རླུང་རིམ་པ་7ནས་9བར་ཡོད། པོ་ཧའེ་རྒྱ་མཚོའི་ཤར་རྒྱུད་དང་། རྒྱ་མཚོའི་སེར་པོའི་བྱང་རྒྱུད་དང་དབུས་ཤར་རྒྱུད། ཐའེ་ཝན་མཚོ་འགག ཐའེ་ཝན་ཤར་ཕྱོགས་ཀྱི་རྒྱ་མཚོའི་ངོས། པ་ཧྲི་མཚོ་འགག ལྷོ་རྒྱ་མཚོའི་བྱང་རྒྱུད་དང་དབུས་རྒྱུད་བཅས་སུ་རླུང་རིམ་པ་7ནས་8དང་ཐོལ་རླུང་རིམ་པ་9ནས་10བར་ཡོད་པ་རེད།