གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་03ཉིན། 14:24】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་2ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཅ་ལེ་པིའི་“དུག་འཚོང་གྲུ་གཟིགས་”ལ་དོགས་པ་ཡོད་པའི་རྡུང་རྡེག་བྱ་སྤྱོད་ཐད་ཁོ་པས་ཆ་འཕྲིན་མང་པོ་ཞིག་ཁོང་དུ་ཆུད་མེད་པ་དང་ཝེ་ནེ་ཙུའེ་ལའི་གྲུ་གཟིངས་ལ་འཇབ་རྒོལ་ཐེངས་གཉིས་པ་ཕོག་པའི་འབྲེལ་ཡོད་དོན་དག་ཁོ་པས་ཤེས་ཀྱི་མེད་པ་དང་དེའི་ནང་ཞུགས་མེད་ཅེས་བཤད་པ་རེད། ཐེ་རོན་ཕུའུ་ཡིས་ཨ་རིའི་དམག་དོན་པུའུ་ཀྲང་(རྒྱལ་སྲུང་པུའུ་ཀྲང་)ཧོ་ཀེ་སའེ་སིར་ངེས་པར་དུ་གྲུ་གཟིངས་ལ་འཇབ་རྒོལ་ཐེངས་གཉིས་པའི་དོན་དག་ཐད་འགྲེལ་བཤད་རྒྱག་དགོས་ཞེས་བཤད་པ་རེད།
དེ་དང་ཆབས་ཅིག་ཐེ་རོན་ཕུའུ་ཡིས་ཝེ་ནེ་ཙུའེ་ལ་ཚུད་པའི་ཨ་རིར་“དུག་རྫས་ལྐོག་འདྲེན་བྱེད་པའི་”དོགས་གཞི་ཡོད་པའི་རྒྱལ་ཁབ་ཚང་མར་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
ཚེས་2ཉིན་ཅུང་སྔ་ཙམ་དུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིས་ཅ་ལེ་པིའི་ཧའེ་ཡི་“དུག་ཚོང་གྲུ་གཟིགས་”ལ་རྡུང་རྡེག་གཏོང་འགོ་ཚུགས་མ་ཐག་ཡིན་ཞེས་བཤད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་བཞིན་སེམས་ཁྲལ་བྱེད་ཀྱི་ཡོད་མོད། འོན་ཀྱང་སྲིད་གཞུང་གིས་སྔར་བཞིན་རྡུང་རྡེག་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད།
ཟླ་9ཚེས་2ཉིན་ཨ་རིའི་དམག་དཔུང་གིས་ཅ་ལེ་པིའི་ཧའེ་རུ་“དུག་སྐྱེལ་འདྲེན་གྲུ་གཟིགས་”ཞིག་ལ་འཕུར་མདེལ་འཕངས་ནས་རྡུང་རྡེག་བཏང་རྗེས། གྲུ་གཟིངས་ཐོག་གི་གསོན་མི་གཉིས་ལ་མུ་མཐུད་ཕར་རྒོལ་བྱས་པ་རེད། གྲུ་གཟིངས་འདི་མཐར་ནུབ་ཡོད་པ་དང་མི་༡༡ཤི་བ་རེད། དེ་ལས་ཕྱི་ཕྱོགས་ཀྱིས་རྡུང་རྡེག་ཐེངས་གཉིས་པ་དེ་དམག་འཁྲུག་གི་ཉེས་གསོག་དུ་གྲུབ་མིན་ལ་དོགས་འདྲི་བྱས། དེའི་གོང་ལ་གནས་ཚུལ་སྤེལ་བར་གཞིགས་ན། དམག་དཔུང་ལ་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཧོ་ཀེ་སའེ་སིས་“གྲུ་གཟིངས་ཐོག་གི་མི་ཚང་མ་གསོད་རྒྱུའི་”ཐད་ཀའི་བཀའ་འབྱོར་ཡོད། ཧོ་ཀེ་སའེ་སིས་“ཐབས་ཇུས་བཟོ་བའི་བཀོད་འདོམས་དཔོན་ཚོར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་”ཅེས་བཤད་པ་རེད། གཞན་ཡང་ཧོ་ཀེ་སའེ་སིས་རྡུང་རྡེག་གཏོང་བའི་བྱ་སྤྱོད་དེ་ཉེ་ཆར་དུས་ཡུན་ངེས་ཅན་ཞིག་མཚམས་འཇོག་བྱས་ཡོད། གང་ལགས་ཤེ་ན། “ད་ཆ་རྡུང་རྡེག་གཏོང་ཐུབ་པའི་གྲུ་གཟིངས་རྙེད་དཀའ་བ་རེད་”ཅེས་བཤད་པ་རེད།