གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་03ཉིན། 14:15】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་12ཚེས་2ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
གསར་འགོད་པས“ཐའེ་ཝན་གྱི་ཕྱི་འབྲེལ་པུའུ་ཀྲང་”ལིན་ཅ་ལུང་གིས་ཀྲུང་གོ་དང་ལྗར་པན་དབར་གྱི་རྩོད་གཞི་ལོ་གཅིག་ཡུན་རིང་རྒྱུན་འཁྱོངས་བྱེད་སྲིད་ཅེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་ཡོད་དམ།
“ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པས། “ཕྱི་འབྲེལ་པུའུ་ཀྲང་”ཟེར་བ་བ་མེད” ལིན་ཅན་གྱིས་མིག་སྔའི་ཀྲུང་གོ་དང་ལྗར་པན་གྱི་འབྲེལ་བའི་མདུན་དུ་འཕྲད་པའི་གནས་ཚུལ་ནི་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མའོ་ཡིས་ཐའེ་ཝན་དང་འབྲེལ་བ་ཡོད་པའི་ནོར་འཁྲུལ་གྱི་གཏམ་བརྗོད་ལས་བྱུང་བ་ཞིག་རེད། ལྗར་པན་ཕྱོགས་ཀྱིས་ཀྲུང་གོར་ཆབ་སྲིད་ཀྱི་ཁས་ལེན་བརྩི་སྲུང་ནན་པོ་བྱས་ནས་ནོར་འཁྲུལ་གྱི་གཏམ་བརྗོད་ཕྱིར་ལེན་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ནོར་འཁྲུལ་ལ་བསམ་ཞིབ་དང་ཡོ་བསྲང་བྱ་དགོས། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་ཐའེ་ཝན་མཚོ་འགག་གི་ལས་དོན་ནང་ཞུགས་ཕོད་ཚེ་ང་ཚོས་ཁ་གཏད་ནས་རྡུང་རྡེག་དྲག་པོ་གཏོང་ངེས་ཡིན། དམངས་གཙོ་གོང་སྤེལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ངན་སེམས་སྦས་པས་མི་རྣམས་ལ་མཐོང་ཆུང་བྱེད་ཀྱི་ཡོད། ཕྱི་ཕྱོགས་ལ་བརྟེན་ནས“རང་བཙན་”འཚོལ་ཞིབ་བྱེད་རྩིས་བྱས་ན་འཆི་ལམ་ཉག་ཅིག་ཡིན་པ་ཐག་ཆོད་ཡིན།