གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་03ཉིན། 14:14】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
རྒྱལ་ཁབ་བདེ་འཇགས་པུའུ་ཡིས་SDK(མཉེན་ཆས་གསར་སྤེལ་ཡོ་བྱད་ཐུམ་)ནི་དམིགས་བསལ་གྱི་མཉེན་ཆས་སྒྲོམ་གཞི་དང་། མཁྲེགས་ཆས་ལས་སྟེགས་སམ་བཀོལ་སྤྱོད་མ་ལག་བཅས་ལ་མཁོ་འདོན་བྱས་པའི་གསར་སྤེལ་ཡོ་བྱད་ཚོགས་འདུ་ཞིག་ཡིན་པ་དང་། དེ“ནོར་བུའི་སྒམ་”ཞིག་དང་འདྲ་བས། མཉེན་ཆས་གསར་སྤེལ་བྱེད་མཁན་ལ་ཉེར་སྤྱོད་གོ་རིམ་འཛུགས་པར་མཁོ་བའི་ཕྱེད་གྲུབ་ཐོན་རྫས་དང་། ལག་ཆ། གསལ་བཤད་བཅས་མཁོ་འདོན་བྱས་པས་ལས་ཀའི་ལས་ཆོད་ཆེས་ཆེར་མཐོ་རུ་ཕྱིན་ཡོད་པ་རེད། ཕྱི་རྒྱལ་གྱི་རྩ་འཛུགས་ཀྱིས་བསམ་ངན་SDKཉེར་སྤྱོད་མཉེན་ཆས་སྣ་ཚོགས་ནང་བཅུག་ནས་ཁྲིམས་འགལ་གྱིས་ཚོར་བ་སྐྱེན་པའི་ཆ་འཕྲིན་བསྡུ་རུབ་བྱེད་པ་དང་འབྲེལ་རྒྱང་རིང་ནས་ཕྱི་རྒྱལ་གྱི་ཞབས་ཞུ་ཆས་སུ་བརྒྱུད་གཏོང་བྱེད་སྲིད། བྱ་སྤྱོད་དེ་རིགས་ཀྱིས་སྤྱི་དམངས་མི་སྒེར་གྱི་གསང་དོན་ལ་བཙན་གནོད་ཚབས་ཆེན་བྱེད་པ་མ་ཟད། སྤྱོད་མཁན་གྱི་འདྲ་རིས་དང་ལས་རིགས་ཀྱི་གྲངས་གཞི་སོགས་འགག་རྩའི་ཆ་འཕྲིན་མངའ་ཁོངས་ཕྱི་རོལ་དུ་ཚོད་འཛིན་བྱས་ནས་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དངོས་ཡོད་ཀྱི་འཇིགས་སྐུལ་བཟོ་སྲིད།