འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཐེན་མིང་ཡིའུ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་02ཉིན། 14:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཙུའི་དེ་སྔའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཐེན་མིང་ཡིའུ་ལྐོག་ཟ་ལྐོག་རྔན་བླངས་པའི་གྱོད་གཞི་ཞིག་དང་འབྲེལ་བ་ཡོད་པས། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་བྱེད་མཇུག་འགྲིལ་ཏེ་ཞིབ་དཔྱོད་ལས་ཁུངས་སུ་ཞིབ་བཤེར་ཞུ་སྦྱོར་བྱེད་པར་བསྐྱལ་ཡོད། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་ཟ་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་གཞི་ཡོད་པའི་ཐེན་མིང་ཡིའུ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད་པ་དང་། གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།