གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་02ཉིན། 13:57】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
དེ་རིང་ཨུ་རུ་སུའི་བརྙན་འཕྲིན་ལས་ཁུངས་ཀྱི་དྲ་ཚིགས་ཐོག་ཟླ་11ཚེས་27ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས། ཡུག་རེན་གྱིས་རང་ལ་དབང་ཡོད་ཅེས་པའི་ཨུ་རུ་སུའི་མངའ་ཁོངས་ནས་དམག་དཔུང་ཕྱིར་འཐེན་བྱས་ན་མ་གཏོགས་དམག་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱེད་ཐུབ་ཅེས་བཤད་པ་རེད།
ཚེས་27ཉིན། ཕུའུ་ཅིང་གིས་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་ཧྲི་ཁའེ་ཁེ་རུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཞིག་འཚོགས་པའི་ཐོག་དོན་དེ་གླེང་ཡོད། ཁོང་པི་ཧྲི་ཁའེ་ཁེ་རུ་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་དབུ་ཚོགས་སུ་བསྐྱོད།
ཕུའུ་ཅིང་གིས་མོ་སི་ཁོའི་དུས་ཡུན་རིང་པོའི་ལངས་ཕྱོགས་བསྐྱར་བསྒྲགས་བྱས་པ་སྟེ། ཡུག་རེན་དང་ཆ་རྐྱེན་མེད་པར་དམག་མཚམས་འཇོག་རྒྱུ་དེ་ནི་མི་སྲིད་པ་ཞིག་རེད་ཅེས་དང་།
ཁོང་གིས། “ང་ཚོར་སྔར་བཞིན་དགྲར་འཛིན་བྱ་སྤྱོད་མཚམས་འཇོག་དགོས་པའི་ས་གནས་ཁག་གི་རེ་འབོད་འབྱོར་བྱུང་། ཡུག་རེན་གྱིས་ཁོང་ཚོས་བཙན་བཟུང་བྱས་པའི་མངའ་ཁོངས་ནས་དམག་དཔུང་ངེས་པར་དུ་ཕྱིར་འཐེན་བྱེད་དགོས། དེ་ལྟར་བྱས་ན་དགྲར་འཛིན་བྱ་སྤྱོད་གཞི་ནས་མཚམས་འཇོག་ཐུབ། ཁོང་ཚོས་ཕྱིར་འཐེན་མ་བྱས་ན་ང་ཚོས་དམག་དོན་གྱི་བྱེད་ཐབས་ལ་བརྟེན་ནས་དམིགས་འབེན་དེ་མངོན་འགྱུར་བྱེད་ངེས་ཡིན་”ཞེས་བཤད་པ་དང་། ཁོང་གིས་དེ་དང་འབྲེལ་བ་ཡོད་པའི་ས་ཁུལ་གསལ་པོར་བསྟན་མེད།
མོ་སི་ཁོས་གདོང་ཐུག་བསྡམས་བཅད་དང་ཆ་རྐྱེན་མེད་པར་དམག་མཚམས་འཇོག་སྲིད་པའི་རང་བཞིན་ཁས་མ་བླངས། དེས་ཡུག་རེན་དང་དེ་བཞིན་ནུབ་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་ལ་ཁོམ་ལོང་བྱུང་ནས་ཁི་ཝེ་ལ་གནོད་འཚེ་ཚབས་ཆེན་ཕོག་པའི་དམག་དཔུང་ལ་མི་སྣ་དང་མཚོན་ཆ་ཁ་གསབ་བྱེད་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་དང་ཆབས་ཅིག་ཨུ་རུ་སུས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དགྲར་འཛིན་གྱི་གནས་ཚུལ་ཐག་གཅོད་བྱེད་འདོད་ཡོད་ཅེས་ཐེངས་མང་བཤད་པ་རེད།
ཕུའུ་ཅིང་གིས། ན་ནིང་དབྱར་ཁར་མོ་སི་ཁོ་ཡིས་དམག་མཚམས་ཇི་ལྟར་འཇོག་པའི་ཐད་བསམ་བཀོད་རགས་བཤད་ཐོག་མར་བྱས་པ་རེད། ཁི་ཝེ་ཡིས་ཏུན་ཉེ་སི་ཁེ་དང་། ལུའུ་ཀན་སི་ཁེ། ཧེར་སུང་། ཀྲ་པོ་ལོ་རེ་བཅས་ཀྱི་འབྲེལ་ཡོད་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱས་ཚེ་ཨུ་རུ་སུས་འཕྲལ་མར་དགྲར་འཛིན་གྱི་བྱ་སྤྱོད་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ས་ཁུལ་བཞི་པོ་དེ་དག་ཚང་མས་2022ལོར་རྣམ་པར་གནོན་པའི་ལེགས་ཆར་བརྟེན་ནས་སྤྱི་དམངས་ཀྱི་འདེམས་ཤོག་རབ་དང་རིམ་པ་འཕངས་ཏེ་ཨུ་རུ་སུའི་ནང་ཞུགས་པ་རེད་ཟེར།