འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་1ཉིན།

༄༅།།ཟོག་ཉོའི་དུས་ཆེན་ལས་ཞིང་པའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པ།

—— བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཞིང་འབྲོག་ཐོན་རྫས་ཚོང་འདུས་ཐོག་གི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་01ཉིན། 15:01】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། དབྱངས་ཅན། ཀྲོའུ་ཧུའེ།

     ད་ཐེངས་ཀྱི་ཚོང་འདུས་ཟླ་11ཚེས་30ཉིན་བར་འཚོག་རྒྱུ་ཡིན་ཞིང་། བསྡོམས་ཁྲོམ་བཀྱག་126བཀོད་སྒྲིག་བྱས་ཡོད་པ་ཚང་མ་རིན་མེད་ངང་ཚོང་པར་མཁོ་འདོན་བྱས་ཡོད། ཟླ་11ཚེས་19ཉིན་བར་འགྲེམས་ཞུགས་ཚོང་པ་597ཟིན་པར་ཚགས་ཤ་དང་ལུག་ཤ་འཚོང་མཁན་ཚོང་པ་373དང་ཁྱད་ལྡན་ཐོན་རྫས་འཚོང་མཁན་ཚོང་པ་132ཡོད་པ་རེད། མིག་སྔར་ས་ཁུལ་ཡོངས་ཀྱི“ལྗང་མདོག་བཟའ་བཅའ”དང“གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས”བཅས་ཀྱི་ཞིང་འབྲོག་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་གྲངས་འབོར་132ཟིན་ནས་ཚོགས་འདུས་ལ་སྤུས་ལེགས་ཀྱི་ཟོག་ཁུངས་མཁོ་འདོན་བྱས་ཡོད།

     ཉེ་ཆར། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་དུ་གྲང་ངར་ཆེ་ཡང་ཞིང་འབྲོག་ཐོན་རྫས་ཚོང་འདུས་འཚོགས་སར་ཧ་ཅང་འཁྲུག་ཆ་དོད། དུས་ཡུན་ཉིན་དགུ་ཡི་ཚོང་འདུས་ཀྱིས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་གྱི་ལས་སྟེགས་ཡག་པོ་ཞིག་བསྐྲུན་ཡོད།

     སེང་གེ་ཁ་འབབ་གྲོང་རྡལ་ལུས་རྩལ་ཐང་མཐའ་སྐོར་གྱི་ལྟེ་བའི་འགྲེམས་སྟོན་ཁུལ་ཆེན་པོ་བཞི་དུས་ཐོག་ཏུ་སྒོ་ཕྱེ་ཡོད་པ་དང་། དེ་གར་ཚོང་ཟོག་སྣ་ཁ་འཛོམས་ལ་མི་ཚོགས་ཀྱིས་ཁེངས་འདུག

     མིག་སྔར་དགུན་ཟོག་གྲབས་གསོག་གི་དུས་ཚིགས་ཡིན་པས་ཞིང་འབྲོག་ཐོན་རྫས་འགྲེམ་འཚོང་ཁུལ་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་འདུ་ལོང་རབ་ཏུ་ཆེ། འབྲོག་ཁུལ་གྱི་ཚགས་ཤ་དང་ལུག་ཤ་སོས་པ་ཧ་ཅང་བྲིན་ཁ་རྒྱུག་པོ་ཡོད། ཚོང་པ་ཆོས་ནོར་ནི་སྒེར་རྩེ་རྫོང་འོ་མ་ཤང་ནས་ཡིན་པ་དང་ཁོང་གིས་སྐུ་མགྲོན་ལ་ཤ་རྒྱ་མར་བཏེགས་ནས་ཐུམ་སྒྲིལ་རྒྱག་བཞིན་འདུག ཆོས་ནོར་གྱིས་གསར་འགོད་པར་ཚགས་ཤ་ངོ་སྤྲོད་འདི་ལྟར་བྱས་པ་སྟེ། “ཁྱེད་རང་གཟིགས་དང་། ངའི་ཚགས་ཤ་སོས་པ་སོས་རྐྱང་ཡིན། ཤ་མདོག་ཡག་པོ་ཡོད། ཤ་འདི་ནི་ང་ཚོས་གསོས་པའི་རྒྱུད་འདྲེས་འབྲོང་ཡིན་པ་དང་། གཡག་གཅིག་གི་ཤ་བཙོང་ན་སྒོ་ཁྲི་1.2ཙམ་རག་གི་རེད”ཅེས་བརྗོད། ཆོས་ནོར་གྱི་ཁྲོམ་བཀྱག་འགྲམ་དུ་ཡོད་པ་ནི་སྒར་རྫོང་མོན་འཚེར་ཤང་སོག་སྟོད་གྲོང་ཚོའི་གྲོང་མི་རྣམ་རྒྱལ་རེད། ཁོང་གི་ཚགས་ཤ་སྐམ་པོ་ཡང་ཧ་ཅང་བྲིན་ཁ་རྒྱུག་པ་དང་། ཤ་སྤུས་ལེགས་ལ་མདོག་ཁ་ཡང་ཡག་པོ་ཡོད་པས་བལྟས་པ་ཙམ་གྱིས་ཟ་འདོད་པ་ཞིག་ཡོད། དེ་ནི་དགུན་དུས་གསོག་ཉར་བྱེད་པའི་ཟས་རིགས་མཆོག་ཏུ་གྱུར་པ་ཞིག་ཅི་ལ་མིན།

     ཁྱད་ལྡན་ཐོན་རྫས་འགྲེམ་འཚོང་ཁུལ་ནི་མངའ་རིས་ཀྱི་རྫོང་ཁག་གི་ཐོན་རྫས་གཙོ་བོའི་སྐར་ཁུང་ལྟ་བུ་རེད། གངས་ལྟར་དཀར་བའི་སྒེར་རྩེ་རྫོང་གི་ཚྭ་དང་། རྩྭ་མདའ་རྫོང་སེང་གེ་ཁ་འབབ་ཀྱི་དྲི་ཞིམ་སྤོས། ཡང་ལ་དྲོ་སོབ་སོབ་ཀྱི་རུ་ཐོག་རྫོང་གི་ཁུ་ལུའི་སྐེ་དཀྲིས་སོགས་ཡོད། རྩྭ་མདའ་རྫོང་གི་ཚོང་པ་འཕྲིན་ལས་ཀྱིས“ཁྲོམ་ལ་ཕྱིན་ནས་དཀའ་ལས་ཁག་ན་ངའི་སྟར་བུ་མཆོད་དང”ཞེས་གསར་འགོད་པར་བརྗོད། གསར་འགོད་པས་བྲོ་བ་མྱོང་སྐབས་བྲོ་བ་མངར་མ་སྐྱུར་ཞིག་ཡོད་པས་ཞིམ་པོ་འདུག འཕྲིན་ལས་ཀྱིས“རྩྭ་མདའ་རྫོང་གིས་གླ་ཚེར་གྱི་ཐོན་ལས་འཕེལ་རྒྱས་གཏོང་བཞིན་ཡོད། སྟར་བུ་འདི་དག་ཚང་མ་ས་གནས་དེ་གའི་རི་སྐྱེས་གླ་ཚེར་གྱི་སྟར་བུ་བཙིར་བའི་ཁུ་བ་ཡིན་པ་དང་། སྒམ་གཅིག་ལ་སྒོར་100བྱས་ནས་འཚོང་གི་ཡོད། དེ་རིང་སྔ་དྲོ་སྒམ་བཅུ་བཙོངས་པ་ཡིན”ཞེས་བཤད།

     ཚོང་འདུས་འཚོག་སར་གསར་འགོད་པར་རྒྱུས་མངའ་ཟབ་པའི་སྤུ་ཧྲེང་ཞི་བདེ་ཁོའོ་ཡོན་ཏིས་བཟའ་བཅའ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཕུར་བུ་རྡོ་རྗེ་དང་འཕྲད། ཁོང་གིས“ད་ལོ་ཚུན་དུ་ང་ཚོའི་ཀུང་སིའི་རྩམ་པ་དཀར་པོ་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་70ལྷག་ཙམ་ཟིན་ནས་སྤུ་ཧྲེང་རྫོང་དང་མངའ་རིས་ས་ཁུལ་ལ་མཁོ་སྤྲོད་བྱས་པ་ཕུད། དྲ་ཐོག་ནས་པེ་ཅིང་དང་ཁྲེང་ཏུའུ་སོགས་སུ་བཙོངས་པ་ཡིན། ཚོང་འདུས་བརྒྱུད་ཚོང་ཤག་གསར་པ་དེ་བས་མང་བ་ངོ་ཤེས་ནས་ང་ཚོ་མངའ་རིས་ཀྱི་བཟའ་བཅའ་ཡག་པོ་ས་ཁུལ་དེ་བས་མང་བར་འཚོང་ཐུབ་པའི་རེ་བ་ཡོད”ཅེས་དགའ་སྤྲོའི་ངང་བཤད།

     མངའ་རིས་ས་ཁུལ་ཚོང་དོན་ཅུས་ཀྱི་ལས་དོན་པ་ཀྲའོ་ཅིང་ཅིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚོང་འདུས་ཟླ་11ཚེས་30ཉིན་བར་འཚོག་རྒྱུ་ཡིན་ཞིང་། བསྡོམས་ཁྲོམ་བཀྱག་126བཀོད་སྒྲིག་བྱས་ཡོད་པ་ཚང་མ་རིན་མེད་ངང་ཚོང་པར་མཁོ་འདོན་བྱས་ཡོད། ཟླ་11ཚེས་19ཉིན་བར་འགྲེམས་ཞུགས་ཚོང་པ་597ཟིན་པར་ཚགས་ཤ་དང་ལུག་ཤ་འཚོང་མཁན་ཚོང་པ་373དང་ཁྱད་ལྡན་ཐོན་རྫས་འཚོང་མཁན་ཚོང་པ་132ཡོད་པ་རེད། མིག་སྔར་ས་ཁུལ་ཡོངས་ཀྱི“ལྗང་མདོག་བཟའ་བཅའ”དང“གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས”བཅས་ཀྱི་ཞིང་འབྲོག་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་གྲངས་འབོར་132ཟིན་ནས་ཚོགས་འདུས་ལ་སྤུས་ལེགས་ཀྱི་ཟོག་ཁུངས་མཁོ་འདོན་བྱས་ཡོད། “འདི་གར་ཚོང་ཟོག་མང་བ་མ་ཟད། རིན་གོང་ཡང་འཚམ་ལ་ཉོ་བདེ་པོ་འདུག”ཅེས་ལག་ཏུ་ཉོས་མ་ཐག་པའི་ལུག་ཤ་དང་མར་འཁྱེར་བའི་གྲོང་མི་བཀྲ་ཤིས་ནོར་བུས་འཛུམ་དམུལ་དམུལ་ངང་བཤད། ཉི་མ་ནུབ་ལ་ཁད་དུ་ཡང་སེང་གེ་ཁ་འབབ་གཙང་པོའི་འགྲམ་གྱི་ཚོང་འདུས་འཚོགས་སར་སྔར་བཞིན་འཁྲུག་ཆ་དོད་པ་དང་། ཁོང་ཚོའི་ཁུག་མའི་ནང་བླུགས་པ་ནི་དགུན་ཁའི་ཉེར་མཁོའི་དངོས་ཟོག་ཙམ་མ་ཟད། འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་ཀྱང་རེད།