གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་01ཉིན། 14:18】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཉེ་ཆར་རང་སྐྱོང་ལྗོངས་ཀྱིས་སྨན་བཅོས་ཚད་བརྒལ་རིམ་མཐོ་ཁུངས་གཉིས་CT Forceཐོག་མ་དེ་རང་སྐྱོང་ལྗོངས་བོད་སྨན་ཁང་དུ་དངོས་སུ་སྤྱོད་འགོ་ཚུགས། འདི་ནི་རང་སྐྱོང་ལྗོངས་བོད་སྨན་ཁང་གིས་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་པའི་ལག་རྩལ་རྨང་གཞི་བརྟན་པོ་འཛུགས་ཆེད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། བོད་སྨན་གནད་འཁེལ་ནད་བརྟག་སྨན་བཅོས་ཀྱི་དུས་རབས་གསར་པར་སླེབས་པའི་ལམ་ཚད་གལ་ཆེན་ཞིག་རེད།

བོད་ལྗོངས་ནི་འཛམ་གླིང་གི་ས་མཐོར་གནས་པ་དང་། དམིགས་བསལ་གྱི་ས་མཐོའི་ཁོར་ཡུག་གིས་དམིགས་བསལ་གྱི་ནད་གཞི་བསྐྲུན་པ་དང་། གནད་འཁེལ་ནད་བརྟག་ནི་སྐབས་ཤིག་རིང་ས་མཐོའི་སྨན་བཅོས་ཐད་ཀྱི་དཀའ་གནད་གྲས་ཤིག་ཏུ་གྱུར་ཡོད། ད་ཐེངས་ཞི་མོན་ཙིའི་ཚད་བརྒལ་རིམ་མཐོ་ཁུངས་གཉིས་ CT Forceཡིས་སྐར་ཆ་0.13ནང་སྙིང་གི་བརྙན་གྲུབ་ཐུབ་པ་དང་། སྦྱོར་ཚད་དམའ་བའི་བརྙན་གྲུབ་ལག་རྩལ་གྱིས་འགྱེད་འཕྲོའི་སྦྱོར་ཚད་90%ཇེ་དམའ་རུ་གཏོང་ཐུབ། ལྷག་པར་དུ་དུས་བཀག་ལྟར་རྗེས་འདེད་བྱེད་དགོས་པའི་ས་མཐོའི་གཅོང་ནད་ཀྱི་ནད་པར་འཚམ་པོ་ཡོད་པ་རེད། སྔོན་ཐོན་གྱི་ནུས་ཤལ་དབྱེ་ཞིབ་བྱེད་ནུས་ཀྱིས་ཕུང་གྲུབ་མི་འདྲ་བའི་གྲུབ་ཆ་གནད་ལ་འཁེལ་བའི་སྒོ་ནས་དབྱེ་འབྱེད་ཐུབ་པས། ས་མཐོའི་དམིགས་བསལ་ནད་རིགས་བརྟག་དཔྱད་བྱེད་པར་ཕྱོགས་ཆ་གསར་པ་ཞིག་བཏོད་ཡོད།
རང་སྐྱོང་ལྗོངས་བོད་སྨན་ཁང་གིས་གཉེར་བའི་ཚད་བརྒལ་རིམ་མཐོ་ཁུངས་གཉིས་CT Forceརིག་གཞུང་སྤེལ་རེས་ཚོགས་འདུའི་ཐོག སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་ནས་ཡོང་བའི་དགེ་རྒན་ཆེ་མོ་བ་ཧོང་ཧུང་ཡུན་དང་། ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་ལྔ་པའི་འབུམ་རམས་པ་ལིའུ་ཐུང་གཉིས་པོས་《CTནུས་ཤལ་ལག་རྩལ་ནད་ཐོག་ཉེར་སྤྱོད》《ཁུངས་གཉིས་CTནད་ཐོག་ཉེར་སྤྱོད་མཉམ་སྤྱོད་》ལ་དམིགས་ནས་སྨན་བཅོས་བརྟག་དཔྱད་ཀྱི་མདུན་གྲལ་གནས་ཚུལ་མཉམ་སྤྱོད་བྱས་ཏེ། རང་སྐྱོང་ལྗོངས་བོད་སྨན་ཁང་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་སོགས་ལྗོངས་ནང་ཁུལ་སྨན་ཁང་ཆེ་གྲས་ཀྱི་འགྱེད་འཕྲོ་ཆེད་ལས་མཁས་ཅན་དང་སྨན་བཅོས་མི་སྣར་ཉམས་མྱོང་བརྒྱུད་སྤྲོད་བྱས་ནས་ཆེད་ལས་ནུས་པ་ཇེ་མཐོར་འགྲོ་རྒྱུར་རོགས་རམ་བྱས་ཡོད།

ད་ཐེངས་ཀྱི་ཚད་བརྒལ་རིམ་མཐོ་ཁུངས་གཉིས་CTལག་བསྟར་བྱེད་འགོ་ཚུགས་པ་དེ་ནི་བོད་སྨན་ཁང་གིས་ལྗོངས་ཡོངས་ཀྱི་སྔོན་ཐོན་གྱི་3.0TMR(ཉིང་སྡུད་མཉམ་འདར་བརྙན་གྲུབ་དཔྱད་ཆས།)དང་སྐྱེ་དངོས་རྫས་འགྱུར་རིམས་ཐར་རྒྱུན་མཐུད་ལས་རིམ་བཀོད་སྒྲིག་བྱས་རྗེས། ཡང་དག་པའི་སྨན་བཅོས་སྔར་བས་ཆེ་རུ་གཏོང་བ་དང་། སྨན་བཅོས་རྨང་གཞི་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་གཞན་ཞིག་ཡིན་ལ། ས་མཐོའི་ནད་རིགས་ཞིབ་འཇུག་དང་། ཁྱད་ཆོས་ལྡན་པའི་གཟུགས་བརྙན་བརྟག་དཔྱད་ཚད་གཞི་འཛུགས་པ། སྔ་དུས་ནད་འགྱུར་བརྟག་དཔྱད་བྱེད་ཚད་མཐོ་རུ་གཏོང་རྒྱུ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་པ་མ་ཟད། སྨན་བཅོས་བྱེད་མཁན་ནད་པར་དུས་ཚོད་དང་དཔལ་འབྱོར་མ་གནས་གྲོན་ཆུང་བྱས་ནས་སྨན་བཅོས་ནད་བརྟག་གི་ཉམས་མྱོང་དེ་བས་ལེགས་པོ་དང་སྤུས་ལེགས་ཐོན་རྒྱུ་རེད།