གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་25ཉིན། 14:38】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟླ་11ཚེས་23ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན་མ་འོངས་ཉིན་བཅུའི་(ཟླ་11ཚེས་24ཉིན་ནས་ཟླ་12ཚེས་3ཉིན་བར།)ནང་ལྗོངས་ཡོངས་ཀྱི་ས་ཆ་མང་ཆེ་བར་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ་ཡིན་པ་དང་། ཚེས་24དང་25ཉིན་ཤར་རྒྱུད་དུ་གངས་བབས་ནས་གནམ་གཤིས་གྲང་དུ་འགྲོ་རྒྱུ་རེད། ཟླ་12ཚེས་1ནས་3ཉིན་བར་བོད་ལྗོངས་ཀྱི་ཤར་རྒྱུད་དུ་ཆར་ཆུ་ཉུང་ཙམ་འབབ་རྒྱུ་དང་ནུབ་རྒྱུད་དང་བྱང་རྒྱུད་དུ་ལྷགས་པ་ཆེན་པོ་རྒྱག་རྒྱུ་རེད།
གནམ་གཤིས་སྔོན་བརྡ་འདི་ལྟར་ཡིན།
ཟླ་11ཚེས་24དང་25ཉིན། ཉིང་ཁྲི་དང་། ཆབ་མདོ། ནག་ཆུའི་ཤར་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གངས་(ཆར་པ།)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་(ཆར་པ།)འབྲིང་ཙམ་འབབ་རྒྱུ་དང་། ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་ཁ་ཐོར་རང་བཞིན་གྱི་གངས་(ཆར་པ)ཡུད་ཙམ་འབབ་རྒྱུ་རེད། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ་རེད།
ཟླ་11ཚེས་26ནས་30ཉིན་བར། ལྗོངས་ཡོངས་ཀྱི་ས་ཆ་མང་ཆེ་བར་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ་ཡིན་ཞིང་། དེའི་ནང་ཚེས་29དང་30ཉིན་མངའ་རིས་ཀྱི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་ནུབ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་སྐབས་རེ་གངས་སིམ་སིམ་ཡུད་ཙམ་འབབ་རྒྱུ་རེད།
ཟླ་12ཚེས་1ནས་3ཉིན་བར། ཉིང་ཁྲི་དང་། ཆབ་མདོའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གངས་(ཆར་པ།)ཡུད་ཙམ་འབབ་རྒྱུ་དང་། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་6ནས་8བར་རྒྱག་རྒྱུ་རེད།
ཤ་ཚའི་དྲན་སྐུལ།
གཅིག མེ་སྤྱོད་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།
གཉིས། ཤར་རྒྱུད་དང་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་འགྲིམ་འགྲུལ་བདེ་འཇགས་ལ་དོ་དམ་ཡག་པོ་བྱེད་དགོས།
གསུམ། ལྷགས་པ་ཆེན་པོ་རྒྱག་པ་ལས་འགྲིམ་འགྲུལ་དང་ཞིང་འབྲོག་ཁུལ་གྱི་སྒྲིག་ཆས་ལ་ཤུགས་རྐྱེན་ངན་པ་མི་ཐེབས་པ་བྱེད་དགོས།