འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་24ཉིན།

༄༅།།བོད་ཀྱི་མི་གཅིག་ལ་གོ་གནས་བཙན་བཟུང་བྱས་པའི་དོགས་གཞི་ཡོད་པས་བཟུང་འདུག

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་24ཉིན། 15:16】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཉེ་ཆར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་སྤྱི་བདེ་ཅུས་ཀྱི་ཉེས་དོན་མྱུལ་ཞིབ་རུ་ཁག་གིས་གོ་གནས་བཙན་བཟུང་གི་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་པ་དང་གྱོད་གཞི་དང་འབྲེལ་བའི་མ་དངུལ་སྒོར་ཁྲི་70དང་ཉེས་གསོག་དོགས་ཡོད་མི་སྣ་1བཟུང་བ་རེད།

     2025ལོའི་ཟླ་10ཚེས་22ཉིན། “ཀུང་སི་དེའི་རྩིས་པ་ལི་ཆེ་གེ་མོས་གོ་གནས་ཀྱི་སྟབས་བདེར་བརྟེན་ནས་ཀུང་སིའི་རྩིས་ཁྲའི་ནང་གི་སྒོར་ཁྲི་70བདག་གིར་བཟུང་བས་སྤྱི་བདེ་ལས་ཁུངས་ནས་མི་མངགས་ནས་བརྟག་དཔྱད་གནང་རོགས་”ཞེས་གྲ་ནང་རྫོང་གི་ཀུང་སི་ག་གེ་མོ་ཞིག་གི་ཁྲིམས་མི་ཁྲིན་ཆེ་གེ་མོའི་སྙན་སེང་འབྱོར་རྗེས། གྲ་ནང་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་མཐོང་ཧ་ཅང་ཆེན་པོར་བྱས་ནས་འཕྲལ་བར་སྟོབས་ཤུགས་སྤུས་ལེགས་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་བྱས་པ་རེད། དཔང་རྟགས་གང་ལེགས་ཤེས་རྗེས། ཉེན་རྟོག་པས་འཕྲལ་ཐག་ཆོད་པོར་ཕར་རྒོལ་བྱས་ཏེ་ལྷ་ས་གྲོང་ཁྱེར་སྐར་མ་ཀུན་བཟང་གི་ཁུལ་ཆུང་ག་གེ་མོ་ནས་ཉེས་བསགས་ཀྱི་དོགས་ཡོད་ལི་ཆེ་གེ་མོ་འཛིན་ཐུབ་པ་རེད། འདྲི་རྩད་བྱས་པ་བརྒྱུད། ཉེས་བསགས་དོགས་ཡོད་མི་སྣ་ལི་ཆེ་གེ་མོས་རང་གི་གོ་གནས་ཀྱི་སྟབས་བདེར་བརྟེན་ནས་ལས་མིའི་གླ་ཕོགས་རང་གི་བུ་ལོན་འཇལ་བྱེད་དུ་བཏང་བས། ཀུང་སིའི་རྒྱུ་ནོར་བཙན་བཟུང་བྱས་པའི་ཉེས་བསགས་ཀྱི་དོན་དངོས་ཁས་བླངས་པ་རེད།

     ད་ཆ། ཉེས་བསགས་དོགས་ཡོད་མི་སྣ་ལི་ཆེ་གེ་མོ་ཁྲིམས་ལྟར་བཟུང་བྱས་པ་དང་གྱོད་གཞི་མྱུལ་ཞིབ་སྔར་ལས་ལྷག་པར་བྱེད་བཞིན་ཡོད།