འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་24ཉིན།

༄༅།།རང་རྒྱལ་གྱིས་འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཉེར་གཅིག་པ་བདེ་བླག་ངང་འཕེན་གཏོང་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་24ཉིན། 14:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་21ཉིན་གྱི་ཆུ་ཚོད་18དང་སྐར་མ་55ལ། རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཉེར་གཅིག་པ་མཁའ་དབྱིངས་སུ་བདེ་བླག་ངང་འཕེན་གཏོང་བྱས་ནས་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བདེ་བླག་ངང་སླེབས་ཐུབ་སྟེ་འཕེན་གཏོང་གི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད་པ་རེད།

     སྲུང་སྐར་དེ་གཙོ་བོ་སྲུང་སྐར་འཕྲིན་གཏོང་དང་། རླུང་འཕྲིན་བརྙན་འཕྲིན། གྲངས་གཞི་བརྒྱུད་སྤྲོད་སོགས་ཀྱི་ལས་སྒོར་སྤྱོད་རྒྱུ་མ་ཟད། འབྲེལ་ཡོད་ལག་རྩལ་གྱི་ཚོད་ལྟའི་ར་སྤྲོད་ཀྱང་བྱ་རྒྱུ་ཡིན་པ་རེད།

     ད་ཐེངས་ཀྱི་ལས་འགན་ནི་རྒྱང་སྐྱོད་རིམ་སྤེལ་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་སྐྱོད་ལས་འགན་སྒྲུབ་ཐེངས་609པ་དེ་ཡིན་པ་རེད།