འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་21ཉིན།

༄༅།།ཚོང་དོན་པུའི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བ་ཕང་ཏེ་ཝེ་དང་མཇལ་འཛོམས་གནང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་21ཉིན། 16:11】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཟླ་11ཚེས་20ཉིན་ཚོང་དོན་པུའི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བ་ཕང་ཏེ་ཝེ་དང་མཇལ་འཛོམས་གནང་བ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བ་སོགས་ཀྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཡོད།

     ཝང་ཝུན་ཐའོ་ཡིས་ཟླ་10ཚེས་30ཉིན་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ཁོ་རེ་ཡ་ལྷོ་མའི་ཕུའུ་ཧྲན་དུ་ཐུག་འཕྲད་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རིས་ཕན་ཚུན་གྲུབ་འབྲས་ཐོབ་པ་དང་ཐུན་མོང་ཐོག་དར་རྒྱས་ཡོང་བའི་རྦད་པ་བྱེད་ཐུབ། དཔལ་འབྱོར་དང་ཚོང་དོན་ནི་མུ་མཐུད་དུ་ཀྲུང་གོ་དང་ཨ་རི་འབྲེལ་འདྲིས་བྱེད་པའི་རྨང་གཞི་དང་སྐུལ་འདེད་སུ་འགྱུར་དགོས་པ་ལས། འགལ་རྐྱེན་དང་གདོང་ཐུག་གི་གནས་སུ་འགྱུར་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོ་ངེས་པར་དུ་མཉམ་གནས་དང་མཉམ་རྒྱལ་ཐུབ་པའི་ངོས་འཛིན་ཡང་དག་འཆང་ནས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལམ་སྲོལ་སྲུང་སྐྱོང་ཡག་པོར་བྱས་ཏེ་དཔལ་འབྱོར་ཚོང་དོན་འབྲེལ་བའི་ཁྲོད་ཀྱི་ངེས་གཏན་མེད་པ་དང་བརྟན་ལྷིང་མིན་པའི་རྒྱུ་རྐྱེན་དོ་དམ་ཚོད་འཛིན་དང་གནད་དོན་གྱི་ཞིབ་ཐོ་ཉུང་གཏོང་དང་མཉམ་ལས་ཀྱི་ཞིབ་ཐོ་རིང་དུ་བཏང་སྟེ་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་དཔལ་འབྱོར་གྱི་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་དེ་བས་མང་པོ་སྣོན་དགོས་ཞེས་བཤད།

     ཝང་ཝུན་ཐའོ་ཡིས། ཟླ་བ་གོང་མར་ཀྲུང་གུང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་”འཆར་འགོད་གྲོས་འགོར་གྲོས་ཞིབ་དང་གྲོས་འཆམ་བྱས་ནས་འབྱུང་འགྱུར་ལོ་ལྔའི་ནང་ཀྲུང་གོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཆར་གཞི་གསར་པ་བཀོད་ཡོད། ཀྲུང་གོའི་སྲིད་ཇུས་ལ་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་ལྡན། ཀྲུང་གོ་ཕྱོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབས་ནས་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་བཏང་ནས་འཛམ་གླིང་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས།

     ཝང་ཝུན་ཐའོ་ཡིས་ཨ་རིའི་ཕྱོགས་རྐྱང་པའི་སྒོ་ཁྲལ་དང་། ཕྱིར་གཏོང་དོ་དམ། ཕྱོགས་གཉིས་དངུལ་འཇོག་ཚོད་འཛིན། ཐོངས་མཆན་ཞིབ་བཤེར། ཨ་རི་དང་ཕྱོགས་གསུམ་པའི་དཔལ་འབྱོར་ཚོང་དོན་གྲོས་མཐུན་གྱི་ཚོད་འཛིན་རང་བཞིན་གྱི་དོན་ཚན་སོགས་ལ་དོ་ཁུར་བྱེད་པ་དང་འབྲེལ་ཨན་ཧྲིའི་འདྲེན་གཟུགས་ཕུང་གསུམ་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་གསལ་བཤད་བྱས་པ་མ་ཟད། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུའི་ཐད་ཀྱང་ཨ་རི་དང་སྤེལ་རེས་བྱས་པ་རེད།