གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་21ཉིན། 16:09】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཚེས་20ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས། མགྲིན་ཚབ་པས་G20འཚོག་རིང་ཙུང་ལི་ལི་ཆང་གིས་ལྗར་པན་གྱི་འགོ་ཁྲིད་པ་དང་མཇལ་འཛོམས་ཀྱི་བཀོད་སྒྲིག་བྱས་མེད་ཅེས་བཤད་མྱོང་ཀྱང་ལྗར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གླེང་མོལ་བྱེད་རེས་དང་འབྲེལ་གཏུག་བྱེད་པའི་སྒོ་དབྱེའི་རྣམ་འགྱུར་འཛིན་གྱི་ཡོད་ཅེས་ཡང་ཡང་བཤད་པས། ཀྲུང་གོ་དང་ལྗར་པན་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་G20འཚོག་རིང་འབྲེལ་གཏུག་བྱེད་སྲིད་དམ་ཞེས་དྲིས།
མའོ་ཉིང་གིས། ཙུང་ལི་ལི་ཆང་གིས་ལྗར་པན་ཕྱོགས་ཀྱི་འགོ་ཁྲིད་པ་དང་མཇལ་འཛོམས་བྱ་རྒྱུའི་བཀོད་སྒྲིག་བྱས་མེད་པས། ལྗར་པན་ཕྱོགས་ལ་རང་གཅེས་དགོས་ཞེས་བཤད་པ་རེད།
ཕྱི་འབྲེལ་པུས། ཀྲུང་གོ་དང་ལྗར་པན། ལྷོ་ཁོ་ལྷོ་གསུམ་གྱི་འབྲེལ་ཡོད་ཚོགས་འདུ་འཚོག་པའི་ཆ་རྐྱེན་གནས་སྐབས་འཛོམས་མེད་ཅེས་བརྗོད་ཡོད་པ་རེད།
གསར་འགོད་པ་ཞིག་གིས། གནས་འཕྲིན་སྤེལ་བར་གཞིགས་ན། ཁོ་རེ་ཡ་ལྷོ་མའི་རིག་གནས་པུའུ་ལ་ཀྲུང་གོ་ཕྱོགས་ཀྱི་བརྡ་ཐོ་འབྱོར་ནས་མ་གཞི་ཟླ་འདིར་འཚོག་རྒྱུ་གཏན་འཁེལ་བྱས་པའི་ཀྲུང་གོ་དང་ལྗར་པན། ཁོ་རེ་ཡ་ལྷོ་མ་ཕྱོགས་གསུམ་གྱི་རིག་གནས་པུའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ནར་འགྱངས་བྱ་རྒྱུ་ཡིན་པས། དེའི་ཐད་དཔྱད་གཏམ་གང་ཡོད་ཅེས་དྲིས།
མའོ་ཉིང་གིས། ལྗར་པན་གྱི་འགོ་ཁྲིད་པས་ཐའེ་ཝན་དང་འབྲེལ་བ་ཡོད་པའི་ནོར་འཁྲུལ་ཤིན་ཏུ་ཆེ་བའི་གཏམ་བརྗོད་མངོན་སུམ་གྱིས་སྤེལ་བ་དང་། ཀྲུང་གོ་མི་དམངས་ཀྱི་བརྩེ་དུང་ལ་གནོད་འཚེ་གཏོང་བ་དང་། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྲན་སློང་། ཀྲུང་གོ་དང་ལྗར་པན། ཁོ་རེ་ཡ་ལྷོ་མ་ཕྱོགས་གསུམ་གྱི་མཉམ་ལས་རྨང་གཞི་དང་ཁོར་ཡུག་ལ་གཏོར་བཤིག་གཏོང་བ་བཅས་བྱས་པས་ཀྲུང་རི་དང་ལྷོ་ཁོ་རེ་ཡ་ལྷོ་མའི་འབྲེལ་ཡོད་ཚོགས་འདུ་གཉེར་བའི་ཆ་རྐྱེན་གནས་སྐབས་འཛོམས་མེད་ཅེས་བརྗོད།