འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་21ཉིན།

༄༅།།འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས་བྲོས་བྱོལ་ཕྱིན་པའི་གྱོད་གཞི་ཞིག་རྩད་ཆོད་བྱུང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་21ཉིན། 16:06】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཁག་གྲོང་ནུབ་རུ་ཁག་གི་ལས་འགན་ཉེན་རྟོག་པ་ཞིག་གིས་ལྷ་ས་ཟ་ཁང་གི་ལམ་མདོར་ལས་འགན་སྒྲུབ་སྐབས། གློག་སྒུལ་འཕྲུལ་རྟ་ཞིག་གིས་རྡུང་བ་རེད། དོན་རྐྱེན་བྱུང་རྗེས། དོན་རྐྱེན་བཟོ་མཁན་དེ་སྐྱོད་མཚམས་བཞག་མེད་པ་མ་ཟད། མགྱོགས་སུ་བཏང་ནས་ཡུལ་དངོས་དང་ཁ་བྲལ་བ་རེད།

     གྱོད་དོན་སྙན་ཞུ་འབྱོར་རྗེས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཡན་ལག་རུ་ཁག་གིས་འཕྲལ་དུ་དོན་རྐྱེན་བརྟག་དཔྱད་ཐག་གཅོད་རུ་ཁག་ལ་ཆེད་དོན་རུ་ཁག་འཛུགས་བཅུག་ནས་ནུས་ཤུགས་ཡོད་རྒུས་མྱུལ་ཞིབ་བྱ་རྒྱུའི་བཀའ་ཕབ། ཉེན་རྟོག་པས་ལྟ་འཛིན་གྱི་རྗེས་ཤུལ་གཞིར་བཟུང་། “མི་ལ་རྡུང་མཁན་གྱི་ཁ་ལོ་བ་འདིས་འཁོར་ལོའི་ཨང་གྲངས་བཀལ་མེད་པ་དང་། ལག་ལ་ཁ་པར་ཐོགས་ནས་ཁ་པར་རྒྱག་གིན་ཡོད་པ་”གཏན་འཁེལ་བྱུང་བ་དང་། དོགས་གཞི་ཅན་མཱ་ཆེ་གེ་མོའི་འགུལ་སྐྱོད་ཁྱབ་ཁོངས་མགྱོགས་མྱུར་ངང་གཏན་འཁེལ་བྱས་ཏེ་མཐར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལ་སྟོད་ལམ་ནས་འཇིན་བཟུང་བྱས་པ་རེད། ཉེན་རྟོག་པས་བཏོན་པའི་དཔང་རྟགས་ལ་མཱ་ཆེ་གེ་མོ་ཡིས་དོན་རྐྱེན་བཟོས་ནས་བྲོས་བྱོལ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཁས་ལེན་བྱས་ཡོད།

     བརྟག་དཔྱད་བྱས་པ་བརྒྱུད། མཱ་ཆེ་གེ་མོ་ལ་ད་དུང་བཏང་ཆོག་འཁོར་རིགས་དང་མི་འཚམ་པ་དང་། འཁོར་ཨང་བཀལ་མེད་པ། བདེ་འཇགས་ཞྭ་མོ་གྱོན་མེད་པ། འཁོར་ལོ་གཏོང་སྐབས་ལག་ལ་ཁ་པར་ཐོགས་ནས་ཁ་པར་རྒྱག་པ་སོགས་འགྲིམ་འགྲུལ་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་མང་པོ་ཡོད་པ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་》ཀྱི་དོན་ཚན་བདུན་ཅུ་པ་དང་། གོ་དགུ་པ། དེ་བཞིན་འབྲེལ་ཡོད་ལེ་ལག་ཚང་བའི་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། ལྷ་ས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་མཱ་ཆེ་གེ་མོ་ལ་གོང་གསལ་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་མང་པོ་ཁྲིམས་ལྟར་ཟླ་བསྒྲིལ་བཏང་ནས་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་བྱས་ཡོད་དེ། སྲིད་འཛིན་བཀག་ཉར་ཉིན་20དང་། དངུལ་ཆད་མི་དམངས་ཤོག་སྒོར་2700བཅད་པ། ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་34འཐེན་ཡོད་པ་རེད།

     འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས། ཁ་ལོ་བས་འཕྲལ་མར་འཁོར་རིགས་གཏོང་མཚམས་བཞག་ནས་ཡུལ་དངོས་སྲུང་སྐྱོབ་བྱེད་དགོས་པ་དང་། རྨས་མ་མྱུར་སྐྱོབ་བཅས་བྱེད་དགོས་པ་དང་འབྲེལ་ཉེན་རྟོག་པར་ཉེན་བརྡ་གཏོང་དགོས། འདི་ནི་ཁྲིམས་བཀོད་འོས་འགན་ཡིན་ལ་དེ་བས་ཀྱང་བདེན་ལུགས་ཀྱི་འགན་འཁྲི་ཞིག་ཀྱང་ཡིན།