གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་21ཉིན། 15:58】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

2025ལོའི་ཟླ་11ཚེས་18ཉིན་གྱི་ཐོ་རེངས་སུ་ཀྲུང་ཡོའི་དུས་གཏན་མེ་འཁོར་X8003ནང་དྲ་ཚོང་དངོས་ཟོག་དང་། ཁྱིམ་ཆས། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་བྱུར་བུར་བླུགས་ནས་ཀྲུང་གོ་ལྕགས་ལམ་ཀྲེང་ཀྲོའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཧྥུའུ་ཐན་འབབ་ཚུགས་ནས་ཐོན་འགོ་ཚུགས་ཏེ། འཇར་མན་གྱི་གྲོང་ཁྱེར་ཧན་པོར་ཐོན་པ་ལས་ཀྲེང་ཀྲོའུ་ཡི་ལམ་ཐག་ཧྲིལ་པོའི་དུས་ཚོད་རེའུ་མིག་གི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་གཏོང་འགོ་ཚུགས་པ་མཚོན་ཡོད། འདི་ནི་ཉིན་དེའི་ཐོ་རེངས་སུ་ཀྲེང་ཀྲོའུ་ནས་ཐོག་མར་བཏང་བའི་ལམ་ཐག་ཧྲིལ་པོའི་དུས་ཚོད་རེའུ་མིག་གི་ཀྲུང་ཡོའི་དུས་གཏན་མེ་འཁོར་X8003ཧྥུའུ་ཐན་འབབ་ཚུགས་ནས་ཐོན་རྩིས་བྱེད་བཞིན་པ།