གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་21ཉིན། 15:53】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར“‘ལོ་ལྔ་ཚན་བཅུ་བཞི་པའི’འཕེལ་རྒྱས་གྲུབ་འབྲས”སྐོར་གྱི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་དངུལ་རྩ་ལྟ་འདོམས་ཆེད་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་འཕར་བ་དང་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དགོས་མཁོ་ཆེ་རུ་འགྲོ་བའི་དུས་བབ་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་གྱིས་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་པའི་མཐུན་སྦྱོར་ལས་ཀའི་ལམ་སྲོལ་གྱི་ནུས་པ་གང་ལེགས་འདོན་པ་དང་། ཕྱི་ཕྱོགས་ཆེད་དོན་ལས་དོན་ཚོགས་ཆུང་འཛུགས་པ། “མིང་ཐོ་དཀར་པོའི”སྐུལ་འདེད་ལམ་སྲོལ་འཛུགས་པ། ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། ཕྱི་ཕྱོགས་ཚོང་དོན་ཁེ་ལས་དང་ལྷག་པར་དུ་ཕྲན་ཚེགས་བྱེད་པོའི་དཀའ་ངལ་སེལ་བར་མཐུན་རྐྱེན་སྦྱར་ཞིང་། ད་ལོའི་ཟླ་10པའི་ཟླ་མཇུག་བར། ལམ་སྲོལ་དེས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་དུད་ཚང(ཐེངས་)247ལ་དངུལ་བུན་སྒོར་དུང་ཕྱུར་6.36བཏང་བའི་ནང་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་1.76ཟིན་ཡོད་པ་རེད།