འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་21ཉིན།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི“གསུམ་བཞི་ལྔ་ཡི་སེ་འབྲུའི་རྡོག་གི་ཕན་འབྲས”

༄༅།།སེམས་མཐུན་མཉམ་ཕྱུག་གི་བདེ་སྐྱིད་མཛེས་རིས་བཀོད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་21ཉིན། 15:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ད་ཕན་ལོ་ཤས་རིང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས“གསུམ་བཞི་ལྔ་ཡི་སེ་འབྲུའི་རྡོག་གི་ཕན་འབྲས”ཀྱི་ལས་ཀའི་བྱ་ཐབས་གསར་གཏོད་དང་ལག་ལེན་བསྟར་ཞིང་། “གཡུལ་ས་ཆེན་པོ་གསུམ”ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། “འཁོར་འབྲེལ་གསུམ་མཐུན་སྦྱོར་དང་། ཟུར་ཚད་བཞི་མཉམ་འདྲེས། གསར་གཏོད་ལྔ་མཉམ་འགུལ”བཅས་ཀྱི་མ་ལག་འདུ་འགོད་གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་ལེན་བསྟར་བས། མི་རིགས་ཁག་དབར་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་གངས་ལྗོངས་ས་མཐོར་མཛེས་སྡུག་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་ཡོད།

     “འཁོར་འབྲེལ་གསུམ་མཐུན་སྦྱོར”བྱས་ནས་མི་རིགས་ལས་དོན་གྱི་རྨང་གཞི་བརྟན་དུ་བཏང་བ།

     ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ཚེ། ད་གཟོད་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་གཏོང་ཐུབ། ཆུ་གསུམ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་ལས་དོན་དེ“འགོ་གཙོ་དང་པོའི”འདུ་འགོད་ལ་བརྩིས་ནས། རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྫོང་དཔོན་གྱིས“ཟུང་ལྡན་ཙུའུ་ཀྲང”གི་འགན་འཁུར་བའི་འཛུགས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། མཐོ་གནས་སྤྱི་འདོམས་ཀྱིས“འགན་འཁྲིའི་འཁོར་འབྲེལ”དམ་དུ་བཏང་ཡོད། མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་ཁག་13བཟོས་ནས་ལག་ལེན་བསྟར་ཏེ་མི་རིགས་ལས་དོན་གྱི་གཙོ་གནད་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ནས། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པའི་མི་རིགས་ལས་དོན་གྱི་རྣམ་པ་ཞིག་བཏོད་ཡོད།

     “འགན་སྲུང་འཁོར་འབྲེལ”བརྟན་དུ་གཏོང་བར་རྒྱབ་སྐྱོར་སྣ་ཚོགས་བྱེད་པའི་ཐད། ཆུ་གསུམ་རྫོང་གིས་ཕུལ་བྱུང་ལས་བྱེད་པ་མི་ཐེངས་563བདམས་ནས་ལེགས་སྒྲིག་བྱས་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་377གནད་སྨིན་འདེམས་མངགས་བྱས་པ།《མི་རིགས་སྲིད་ཇུས་སྐོར་གྱི་རྟོགས་དགོས་པ་དང་ཤེས་དགོས་པའི》ལག་དེབ་1300ལྷག་ཙམ་བཀྲམ་ཡོད། ཆུ་གསུམ་རྫོང་ནོར་སྲིད་ཅུས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་1140ལྷག་ཙམ་བཏང་ནས་འཛུགས་གཏོད་ལས་དོན་ཕན་འབྲས་ཆེན་པོས་སྤེལ་རྒྱུར་ཕྱོགས་ཡོངས་ནས་འགན་ལེན་བྱས་ཡོད། ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་630ལྷག་ཙམ་བཏང་ནས་ཤག་བྱང་ཤང་གི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་གླིང་དང་ལས་ཞུགས་བོད་སྐྱོར་འགྲེམས་ཁང་མཉམ་དུ་བཏོད་དེ་འཛུགས་གཏོད་ལས་དོན་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད།

     “ཟུར་ཚད་བཞི་མཉམ་འདྲེས”ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལག་ལེན་གྱི་དཔེ་མཚོན་བཏོད་པ།

     མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཕུགས་ཀྱི་རྨང་གཞི་དང་རྩ་བའི་བྱ་ཐབས་ནི་རིག་གནས་ཀྱི་མོས་སེམས་ཟབ་ཏུ་གཏོང་རྒྱུ་དེ་རེད། ཆུ་གསུམ་རྫོང་གིས་རིག་གནས་ཀྱི་ཤུགས་རྐྱེན་དང་། དྲིལ་བསྒྲགས་སློབ་གསོ། དཔེ་མཚོན་སྣེ་ཁྲིད་སོགས་ཀྱི་བྱེད་སྟངས་བརྒྱུད་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་ཧུར་ཐག་བཏོད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པར་སྐུལ་འདེད་གཏོང་ཆེད་བསམ་པའི་རིག་གནས་ཀྱི་སྟོབས་ཤུགས་ཆེན་པོ་བསྣན་ཡོད།

     གསར་གཏོད་སྤུས་རྟགས་ཅན་ལག་ལེན་བསྟར་བའི་ཐད། ཆུ་གསུམ་རྫོང་གིས་ཚོགས་སྤྱི་མི་འདྲ་བའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཁྱད་ལྡན་བྱེད་སྒོའི་སྤུས་རྟགས་ཁག་7བཏོད་པ་དང་རིགས་ཁག་གི་ལག་ལེན་བྱེད་སྒོ་ཐེངས་230ལྷག་ཙམ་སྤེལ་ཡོད། སློབ་གྲྭའི“གཅིག་རེ་བདུན”དང“རྣམ་པར་བཀྲ་བའི་གཟའ་འཁོར་གཅིག”སོགས་ཀྱི་བྱེད་སྒོ་ལྗོངས་ཡོངས་སུ་ཁྱབ་གདལ་བཏང་བ། “ང་ཚོའི་སྲོལ་རྒྱུན་དུས་ཆེན་མཉམ་དུ་བཏང”ཞེས་པའི་བྱེད་སྒོར་ལས་བྱེད་པ་དང་མང་ཚོགས་ཚོའི་གདེང་འཇོག་ཡག་པོ་ཐོབ་ཡོད། དེ་དང་ཆབས་ཅིག“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད+”བྱེད་སྟངས་ཀྱིས་དྲ་ཐོག་དང་དྲ་ཕྱིའི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ཡོད། “དྲ་འཕྲིན་ཆུ་གསུམ”དང“ཆུ་གསུམ་གྱི་མཉམ་འདྲེས་སྨྱན་སྦྱོར”ནང་ཆེད་བསྒྲིགས་ལེ་ཚན་བཏོད་དེ་ཆེད་དོན་ཆ་འཕྲིན་180ལྷག་ཙམ་དང་དྲིལ་བསྒྲགས་བརྙན་ལམ་60ལྷག་ཙམ་བརྒྱུད་སྤེལ་བྱས་ཡོད། 《ཆུ་གསུམ་མི་རིགས་མཐུན་སྒྲིལ་ཚགས་པར》བཟོས་ནས་སྲིད་ཇུས་ཀྱི་ཤེས་བྱ་དང་ལས་ཀའི་ཆ་འཕྲིན་ཁག་ཐེངས་30ལྷག་ཙམ་བསྐུར་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་ཐང་ཆེན་2དང་། བརྗོད་དོན་གཙོ་བོའི་གླིང་1 སློབ་གསོའི་གཡུལ་ས་6བཅས་བཏོད་དེ། མི་རིགས་མཐུན་སྒྲིལ་ཐང་ཆེན་ལྟེ་བར་བྱེད་པ་དང་། ནོར་བུ་ས་གྲོང་རྡལ་དང་སྟོད་གཟིགས་ཤང་གཞོགས་གཉིས་སུ་བྱེད་པ། དཔེ་བཟང་ཚན་པ་གནས་མང་དུ་བཅས་བྱས་ནས་མངའ་ཁོངས་ཧྲིལ་པོར་ཁྱབ་པའི“ལྟེ་གཅིག་གཞོགས་གཉིས་གནས་མང”གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བར་འཁྱམས་བཙུགས་ནས་འཛུགས་གཏོད་རྣམ་པ་ཟབ་མོ་བཏོད་ཡོད།

     འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལག་ལེན་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བའི་ཐད། ཆུ་གསུམ་རྫོང་གི་སྐད་བརྡ་འཕྲོད་པར་བྱ་རྒྱུ་རྨང་གཞིར་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི“གསར་བརྗེ་དང་། སྣེ་ཁྲིད། འགྲན་བསྡུར”བཅས་ཀྱི་བྱེད་སྒོ་སྤེལ་ཡོད། རིག་གནས་སྤེལ་རེས་སྦྲེལ་ཐག་ཏུ་བྱས་ཏེ་ཁག་ཐེངས་བདུན་གྱི“ས་མཐོའི་སེ་འབྲུ་དམར་པོའི”མི་ཐེངས་140ལྗོངས་ཕྱིར་ལྟ་སྐོར་དང་སྤེལ་རེས་སྒྲིག་འཛུགས་བྱས་པ། ལས་ཞུགས་བོད་སྐྱོར་སྦྲེལ་ཟམ་ཏུ་བྱས་ནས“ཧུའུ་པེ་དང་བོད་ལྗོངས་དབར་གྱི་བརྩེ་སེམས”ཀྱི་ལྗོངས་ཕྱིའི་ཚོགས་སྒྲིག་རྣམ་པའི་ཁྲོམ་ར་ཅན་གྱི་ལས་ཞུགས་ལ་གསར་གཏོད་སྐུལ་འདེད་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཚོ་འབྲལ་མེད་མཉམ་གཤིབ་ཁྲོད་བརྩེ་བ་ཟབ་གཏོང་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ཐུབ་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན་ཚོགས་སྒྲིག་རྣམ་པའི་ཁྲོམ་ར་ཅན་གྱི་ལས་ཞུགས་མི་273དང་གཞུང་ཞབས་པ་དང་བྱ་གཞག་ཚན་པས་བསྡུས་པའི་མི་13ཚུད་པའི་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་ཞིང་འབྲོག་པ་286(ཝུའུ་ཧན་གྱི་སློབ་མ་40ཚུད་པ)ལས་ཞུགས་མངོན་འགྱུར་ཐུབ་ཡོད།

     “གསར་གཏོད་ལྔ་མཉམ་འགུལ”ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

     དམངས་འཚོ་འགན་སྲུང་དང་ལེགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་བརྟན་ཤོས་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཆུ་གསུམ་རྫོང་གིས་དམིགས་ཚད་དེར་དམིགས་ཏེ“གསར་གཏོད་ལྔའི་མཉམ་འགུལ”ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བ་བྱས་ཏེ་མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད།

     “གསར་གཏོད་དང་ཐོན་ལས་དར་རྒྱས”ཟུང་འབྲེལ་ཐད། ཆུ་གསུམ་རྫོང་གིས“ཐོན་ལས་དར་རྒྱས་ཕྱོགས་གཉིས་སྐུལ་འདེད”ཀྱི་འཐབ་ཇུས་ལག་ལེན་བསྟར་ཏེ། གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ་སྒོར་ཁྲི་2107སྤྱི་འདོམས་བཀོད་སྒྲིག་བྱས་ནས། ནོར་བུ་ས་གྲོང་རྡལ་གྱི་མུའུ་ཁྲིའི་སྤུས་ལེགས་དཔལ་འབྱོར་ཤིང་འབྲས་ར་བ་ཐོན་ལས་གླིང་དང་སྟོད་གཟིགས་ཤང་དེང་རབས་ཅན་གྱི་བཞོན་མ་གསོ་ཚགས་དཔེ་སྟོན་རྟེན་གཞི་སོགས་ཀྱི་རྣམ་གྲངས་ཧུར་ཐག་བཏོད་པས། ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་ཆིག་སྟོང་ལྷག་ཡོང་རྒྱུའི་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། “འཛུགས་གཏོད་དང་མཐའ་དར་དམངས་ཕྱུག”ཟུང་འབྲེལ་ཐད། “བཅོས་སྐྱོང་གསུམ་མཉམ་འདྲེས”ཀྱི་འདུ་འགོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་ཚོ་6བདེ་བླག་ངང་བསྐྲུན་ནས། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། མང་ཚོགས་ཚོ་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད། “འཛུགས་གཏོད་དང་དམངས་འཚོ་འགན་སྲུང”ཟུང་འབྲེལ་ཐད། སྣ་མང་ཅན་གྱི་དམངས་འཚོའི་འགན་སྲུང་རྣམ་པ་བཏོད་ཡོད། “ཆུ་གསུམ་བཟོ་བོའི”འཆར་གཞི་ལག་ལེན་བསྟར་ནས་ལས་གཏོད་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་དང་། ལྗོངས་ཡོངས་ཀྱི་རྫོང་རིམ་པའི་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུ་ལྟེ་གནས་དང་སྡེ་ཁུལ་ཕྱོགས་བསྡུས་རྒན་གསོ་ཞབས་ཞུ་ལྟེ་གནས་ཐོག་མ་བཙུགས་ནས་རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་རྫོང་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ། “མཐོར་གཏོང་འདུ་འགོད་བཅུར”སྐུལ་འདེད་བཏང་ནས་སྲིད་འཛིན་གྲོང་ཚོར་ཆུ་གློག་ལམ་འཕྲིན་དྲ་སོགས་ཚང་མ་ཤར་གཏོང་བྱས་པ། གྲོང་གསེབ་ཀྱི་བསྐུར་ལེན་ཟོག་འགྲུལ་ས་ཚིགས་27བཙུགས་ནས་མང་ཚོགས་ཚོས་གྲོང་ཚོ་ནས་ཐོན་མི་དགོས་པར་མྱུར་སྐྱེལ་སྐུར་ལེན་ཐུབ་པར་བྱས་པས་མང་ཚོགས་ཀྱི་ཐོབ་སྣང་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད་པ་རེད། “འཛུགས་གཏོད་དང་སྤྱི་ཚོགས་བཅོས་སྐྱོང”ཟུང་འབྲེལ་ཐད། “དུས་བདེའི་རྨང་འདིང”འདུ་འགོད་གསར་གཏོད་ལག་བསྟར་བྱས་པས་རྫོང་དང་ཤང་དང་གྲོང་ཚོ་བཅས་རིམ་གསུམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་རྗོང་ཡོངས་ལ་ཁྱབ་པ་དང་། “ཀུན་མཐོང་འདུ་འགོད”ཀྱི་བློ་རིག་ལས་སྟེགས་བཏོད་དེ། གཞི་རིམ་གྱི་བདེ་འཇགས་འགོག་རགས་བརྟན་པོར་བཙུགས་ཐུབ་ཡོད་པ་རེད།

     མི་རིགས་མཐུན་སྒྲིལ་ལས་དོན་ཆུ་གསུམ་རྫོང་དུ་གསོན་ཉམས་དོད་པོས་ལག་ལེན་བསྟར་ཐུབ་ཡོད། རིག་གནས་རྒྱུན་འཛིན་གྱི་གཡུལ་སར། 《ལོ་ངོ་སྟོང་གི་ལྷ་རྒྱ་རི》ཡིས་མི་རིགས་འགྲོ་འོང་གི་ལོ་རྒྱུས་གསེད་བཀྲོལ་བྱས་ནས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་6རྒྱུན་འཛིན་བྱས་པ། 《སེ་འབྲུའི་མེ་ཏོག་བཞད》སོགས་ལེ་ཚན་སྐོར་སྐྱོད་འགྲེམས་འཁྲབ་བྱས་པ་དང་། ཤག་ལྷོ་གྲོང་ཚོའི་མང་ཚོགས་ཀྱིས་རང་རྩོམ་རང་འཁྲབ་བྱས་པའི་འབྲས་དཀར《མི་རིགས་མཐུན་སྒྲིལ》ལས་མང་ཚོགས་ཀྱི་བསམ་ཚུལ་བརྒྱུད་སྤྲོད་བྱས་ཡོད་པ་རེད།