གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་20ཉིན། 14:26】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ལོ་འདིར་འབྲི་ཆུའི་གཙང་གསུམ་ཆུ་འགོ(ཐོག་ཐོན་གཙང་པོ་དང་། ཆུ་དམར། འདམ་ཆུ)དང་འབྲི་ཆུ་དེ་བཞིན་སྨར་ཁོག་གཙང་པོ་སོགས་ཆུ་གཞུང་དང་ཆུ་ཕྲན་གྱི་གཙོ་གནད་ཆུ་རྒྱུད་23གྱི་ཆུ་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་ཆེད་དོན་ལྟ་ཞིབ་ཚད་ལེན་ལེགས་གྲུབ་ཟིན་ཡོད། ལྟ་ཞིབ་ཚད་ལེན་ལས་མངོན་དོན། འབྲི་ཆུའི་མཚོ་སྔོན་དུམ་བུའི་ཆུ་རྒྱུད་སྐྱེ་ཁམས་ལོ་རྒྱུས་ཀྱི་ལེགས་ཤོས་སུ་སླེབས་ཉེར་ཡོད། རྣམ་གྲངས་དེས་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་སྐྱེ་ཁམས་འཕོ་འགྱུར་ཐད་ཚན་རིག་དང་མཐུན་པའི་ལྟ་ཞིབ་ཚད་ལེན་ལ་རྒྱུན་མཐུད་དང་འཐུས་སྒོ་ཚང་བའི་སྒོ་ནས་ལོ་ལྔ་སྐུལ་འདེད་བཏང་བར་དཔྱད་དཔོག་བྱས་པ་ཞིག་རེད། ལོ་ལྔ་བསྟུད་མར་རྗེས་སྙེག་བྱས་པའི་གྲངས་གཞི་ལས་མངོན་དོན། འབྲི་ཆུའི་མཚོ་སྔོན་དུམ་བུའི་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ་དང་ཆུ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཆུ་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་མངོན་གྱི་ཡོད་པ་རེད།