གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་20ཉིན། 14:25】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

མཚོ་བོད་ས་མཐོའི་ཤར་ལྷོ་དང་མིང་ཅང་གཙང་པོའི་སྟོད་རྒྱུད་དུ་གནས་པའི་མའོ་རྫོང་ནི་རྒྱལ་ཡོངས་ཀྱི་སྤུས་ལེགས་ཀུ་ཤུའི་ཐོན་ཁུལ་གཙོ་བོའི་གྲས་ཤིག་རེད། ཡུལ་དེས་ཀུ་ཤུ་མང་པོ་བཏབ་ནས་དེ་གའི་མང་ཚོགས་ལ་འབབ་འཕར་དང་གྲོང་གསེབ་དར་རྒྱས་ཡོང་བར་རམ་འདེགས་བྱས་ཤིང་། འདི་ནི་ཟླ་11ཚེས་18ཉིན་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མའོ་རྫོང་ཧྥེང་དབྱི་གྲོང་རྡལ་ཕིང་ཐོའུ་གྲོང་ཚོའི་ཀུ་ཤུའི་ལྡུམ་རར་ཤིང་འབྲས་འདེབས་མཁན་ཞིང་པས་ཀུ་ཤུ་འཐུ་བཞིན་པ།