འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་19ཉིན།

༄༅།།ངལ་རྩོལ་གན་རྒྱ་མ་བཞག་ན་ངལ་རྩོལ་འབྲེལ་བ་མེད་དམ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་19ཉིན། 14:59】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ངལ་རྩོལ་གན་རྒྱ་མ་བཞག་ན་ངལ་རྩོལ་འབྲེལ་བ་མེད་དམ། ཟླ་11ཚེས་19ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་གཞུང་ཕྱོགས་ཀྱི་འཕྲིན་ཡིག་སྤྱི་པའི་ཨང་གྲངས་བརྒྱུད་ལན་བཏབ་གསལ་དུ།

     འབྲེལ་བ་མེད་པ་མ་རེད།

     《ངལ་རྩོལ་གྱི་འབྲེལ་བ་གཏན་འཁེལ་བྱེད་པའི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོའི་》ནང་གཏན་འབེབས་བྱས་དོན། མི་སྤྱོད་སྡེ་ཚན་གྱིས་ངལ་རྩོལ་པ་བསྡུ་བའི་ཐད་ཡིག་ཐོག་གི་ངལ་རྩོལ་གན་རྒྱ་བཞག་མེད་མོད། འོན་ཀྱང་དུས་མཚུངས་སུ་གཤམ་གསལ་གྱི་གནས་ཚུལ་རྣམས་འཛོམས་ན་ངལ་རྩོལ་གྱི་འབྲེལ་བ་འཛུགས་རྒྱུ་སྟེ།

     (གཅིག) མི་སྤྱོད་མཁན་སྡེ་ཚན་དང་ངལ་རྩོལ་པ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱེད་པོའི་ཐོབ་ཐང་དང་མཐུན་པ།

     (གཉིས།)མི་སྤྱོད་སྡེ་ཚན་གྱིས་ཁྲིམས་ལྟར་བཟོས་པའི་ངལ་རྩོལ་སྒྲིག་སྲོལ་ལམ་ལུགས་ཁག་ངལ་རྩོལ་པར་སྤྱད་འཐུས། ངལ་རྩོལ་པར་མི་སྤྱོད་སྡེ་ཚན་གྱིས་ངལ་རྩོལ་དོ་དམ་བྱས་ཏེ་མི་སྤྱོད་སྡེ་ཚན་གྱིས་བཀོད་སྒྲིག་བྱས་པའི་གླ་ཕོགས་ཡོད་པའི་ངལ་རྩོལ་བྱེད་པ།

     (གསུམ།) ངལ་རྩོལ་པས་འདོན་སྤྲོད་བྱས་པའི་ངལ་རྩོལ་ནི་མི་སྤྱོད་མཁན་སྡེ་ཚན་གྱི་ལས་སྒོའི་གྲུབ་ཆ་ཞིག་ཡིན།