གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་19ཉིན། 14:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས“ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འཕྲོད་བསྟེན་བདེ་ཐང་གི་ཆེད་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་དང་སྨན་བཅོས་བཅས་མཉམ་དུ་འཕེལ་རྒྱས་དང་བཅོས་སྐྱོང་ལ་དམིགས་ཏེ། ཞིང་ཆེན་ཡོངས་སུ་ཁྱབ་པའི་གཞི་རྩའི་སྨན་བཅོས་ཞབས་ཞུ་དང་། གཞི་རྩའི་སྨན་བཅོས་འགན་ལེན། གཞི་རྩའི་སྨན་རྫས་མཁོ་སྤྲོད་འགན་ལེན་མ་ལག་བཅས་གཞི་རྩའི་ཆ་ནས་བསྐྲུན་ཟིན་པས། མང་ཚོགས་ཀྱི་བདེ་ཐང་གི་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། ཞིང་ཆེན་ཡོངས་ཀྱིས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་441བཏང་བ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་ལ་དམིགས་ཏེ། སྲིད་ཇུས་ཀྱི་ཡིག་ཆ་རབ་དང་རིམ་པ་བཏོན་ནས་སྒྱུར་བཅོས་ཀྱི་ལས་འགན་ལག་བསྟར་བདེ་བླག་བྱ་རྒྱུར་འགན་ལེན་བརྟན་པོ་བྱས་ཡོད།
སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ཀྱི་གཤོང་སྐྱེད་ཇེ་མགྱོགས་སུ་གཏོང་བ་དང་དམ་ཟབ་ཅན་གྱི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་ཆེན་དང་། གྲོང་ཁྱེར་དང་ཀྲོའུ། རྫོང་། ཤང་བཅས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ཅིང་། “ནད་ལྕི་ཞིང་ཆེན་ནས་བཅོས་པར”དམིགས་ནས། ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས(དུས་ཐེངས་དང་པོ)བཙུགས་ནས་འཁོར་སྐྱོད་བྱས་པ་དང་། རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་དང་། རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས། ཛ་དྲག་གི་གསོ་རིག་རོགས་སྐྱོབ་རྟེན་གཞི་སོགས་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་བ། ཞིང་ཆེན་རིམ་པའི་སྨན་ཁང་4དང་ཀྲུང་རི་མཛའ་གྲོགས་སྨན་ཁང་སོགས་དབར་མཉམ་ལས་མཉམ་སྐྲུན་གྱི་ལམ་སྲོལ་བཙུགས་ནས། ཆུ་ཚད་མཐོ་བའི་སྨན་ཁང་སྐྲུན་པར་སྐུལ་འདེད་བཏང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། ཞིང་ཆེན་ཡོངས་སུ་རིམ་རྩིས་བརྒྱབ་ན་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་3675ལེགས་སྒྲིག་བྱས་པ་དང་། མི་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་88%དང་སྐྱེ་འཕེལ་རམ་འདེགས་རྣམ་གྲངས་9སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་སུ་བཅུག་པ་རེད། ཞིང་ཆེན་ནང་ཁུལ་གྱི་ཞིབ་བཤེར་དང་ཞིབ་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་བྱ་རྒྱུར་སྐུལ་འདེད་བཏང་བ་དང་ཧྲའན་ཤིས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་8ལ་ཞིང་ཆེན་དབར་གྱི་ཞིབ་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་པའི་ལམ་སྲོལ་བཙུགས་ཡོད། སྨན་བཅོས་སྒྲིག་གཞི་13ལ་ནད་གཡོག་མི་དགོས་པའི་ལྟ་སྐྱོང་ཞབས་ཞུའི་ཚོད་ལྟ་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་100%ཡིས་ཀྲུང(བོད)ལུགས་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་ཐུབ་ཀྱི་ཡོད། 《མཚོ་སྔོན་ཞིང་ཆེན་གྱི་བོད་སྨན“བཙོ་ཐལ”དང་དེའི་མ་རྒྱུ་དང་ཟུར་རྒྱུའི་སྤུས་ཚད་ཀྱི་ཚད་གཞི་དང་འདུལ་སྟངས་ཀྱི་ཚད་གཞི》དཔེ་སྐྲུན་འགྲེམས་སྤེལ་བྱས་ཏེ། བོད་སྨན“བཙོ་ཐལ” གྱི་སྤུས་ཚད་ཀྱི་ཚད་གཞི་དང་འདུལ་སྟངས་ཀྱི་ཚད་གཞིའི་སྟོང་ཆ་གསབ་ཡོད།
སྨན་བཅོས་འགན་བཅོལ་དང་སྨན་དང་སྨན་བཅོས་སྒྱུར་བཅོས་ལ་མཉམ་དུ་ཤུགས་སྣོན་བརྒྱབ་ཅིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་སྤྱི་འདོམས་བྱ་རྒྱུ་སྔོན་ལ་མངོན་འགྱུར་བྱུང་བ་དང་། བོད(སོག)ལུགས་སྨན་བཅོས་སྒྲིག་གཞིའི་སྨན་རྫས་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་དང་པོ་སྔོན་ལ་བཟོས་ཡོད། DRG/DIPདངུལ་སྤྲོད་སྟངས་དེ་ས་ཁོངས་སྤྱི་འདོམས་དང་ཆ་རྐྱེན་དང་མཐུན་པའི་སྨན་བཅོས་སྒྲིག་གཞི་ཡོངས་ལ་ཁྱབ་པ་དང་། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཐེངས་གྲངས་ཀྱི་ཆ་སྙོམས་འགྲོ་གྲོན་སྒོར་1100ལྷག་ཙམ་ཆག་པ་དང་། སྨན་ཁང་དུ་སྡོད་པའི་ཆ་སྙོམས་ཉིན་གྲངས་0.8ཆག་པ། སྨན་རྫས་ཟད་གྲོན་གཅིག་སྡུད་དང་གྲངས་འབོར་ལྡན་པའི་ངང་ཉོ་སྒྲུབ་བྱ་རྒྱུ་རྒྱུན་ལྡན་ཅན་དུ་སྤེལ་བས། མང་ཚོགས་ཀྱི་ཁུར་པོ་མུ་མཐུད་ནས་ཡང་དུ་ཕྱིན་ཡོད།
ལོ་མང་སྒྱུར་བཅོས་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་འགྲོ་གྲོན་བསྡོམས་འབོར་གྱིས་GDPནང་བཟུང་བའི་བསྡུར་ཚད་དེ་སྒྱུར་བཅོས་མ་བྱས་གོང་གི་5.87%ནས་11.18%བར་མཐོ་རུ་ཕྱིན་པ་དང་། མི་སྒེར་གྱི་འཕྲོད་བསྟེན་འགྲོ་གྲོན་གྱིས་བཟུང་བའི་བསྡུར་ཚད་དེ་སྒྱུར་བཅོས་མ་བྱས་གོང་གི་33.01%ནས་19.31%བར་ཆག་ནས། མང་ཚོགས་ནད་གཞི་ལྟ་སྐབས་ཀྱི“སྨན་རིན་མཐོ་བ་དང་སྨན་བཅོས་དཀའ་བའི”གནས་ཚུལ་མངོན་གསལ་དོད་པོས་སྒྱུར་བཅོས་ཕྱིན་པ་དང་། བདེ་ཐང་གི་དམིགས་ཚད་གཙོ་བོ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དབར་གྱི་ཧེ་བག་རིམ་བཞིན་ཆུང་དུ་ཕྱིན་ནས། མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་རེད།