འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་18ཉིན།

༄༅།།ལྷ་སར་ཁ་གསབ་འདི་མཚམས་འཇོག་རྒྱུ་རེད་འདུག

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་18ཉིན། 15:03】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     “ལྷ་སའི་ཚོང་དོན་”གྱི་སྐད་འཕྲིན་སྤྱི་དམངས་ཨང་གྲངས་ཀྱི་གནས་ཚུལ་ལ་གཞིགས་ན། ཚོང་དོན་ཁྱབ་ཁོངས་ཀྱི་འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བའི་ལས་དོན་གཅིག་གྱུར་འཆར་འགོད་བཀོད་སྒྲིག་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ད་ལྟ་འབྲེལ་ཡོད་དོན་ཚན་རྣམས་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

     2025ལོའི་ཟླ་11ཚེས་20ཉིན་གྱི་ཆུ་ཚོད་0ནས་བཟུང་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་རླངས་འཁོར་བེད་མེད་དུ་གྱུར་རིགས་གསར་བརྗེ་དང་། རླངས་འཁོར་གསར་པ་བརྗེ་རེས་ཀྱི་ཁ་གསབ་བྱེད་སྒོ་གནས་སྐབས་མཚམས་འཇོག་རྒྱུའི་ཐག་བཅད་པ་རེད། (མ་དངུལ་སྤྱད་ཚར་ན་བྱེད་སྒོ་སྔ་སྣུར་དུ་མཇུག་སྒྲིལ་རྒྱུ་རེད།) ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་བེད་མེད་དུ་གྱུར་རིགས་གསར་བརྗེ་དང་། རླངས་འཁོར་གསར་པ་བརྗེ་རེས་ཀྱི་སྲིད་ཇུས་ཁ་གསབ་ཞུ་བའི་ཆ་རྐྱེན་དང་མཐུན་པའི་འཛད་སྤྱོད་པས་ངེས་པར་དུ་2025ལོའི་ཟླ་11ཚེས་20ཉིན་གྱི་ཆུ་ཚོད་0གོང་འགྲོ་ལུགས་འཐུས་ཚང་འགྲིམས་དགོས་པ་དང་སྙན་ཞུའི་དཔྱད་ཡིག་ཀྱང་འབུལ་དགོས། ཞིབ་བཤེར་ཚད་ལོན་མ་བྱུང་བས་དག་བཅོས་བྱེད་དགོས་ན། ངེས་པར་དུ་2025ལོའི་ཟླ་11ཚེས་25ཉིན་གྱི་ཆུ་ཚོད་24གོང་ལ་དག་བཅོས་ལེགས་སྒྲུབ་བྱེད་དགོས། དུས་ཡུན་ལས་བརྒལ་ནས་ཞུ་འབུལ་བྱས་པའམ་ཁ་གསབ་དག་བཅོས་བྱེད་ཡུན་ལས་བརྒལ་ན། ཁ་གསབ་བྱེད་རེ་ཞུ་བའི་ཐོབ་ཐང་རང་འགུལ་ངང་དོར་བར་བརྩི་རྒྱུ་ཡིན་པ་རེད།