གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་18ཉིན། 14:37】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

འདི་ནི་2025ལོའི་ཟླ་11ཚེས་13ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཉིན་ཞྭ་གྲོང་ཚོའི་འབྲོག་པ་ཚེ་བྷོ(གཡས)དང་འོད་ཟེར་ལུག་འཚོ་བཞིན་པ།

འདི་ནི་ཟླ་11ཚེས་14ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཉིན་ཞྭ་གྲོང་ཚོའི་འབྲོག་པ་ལྷ་བྷོས་ལྷས་རའི་གཟན་གཞོང་ལ་གཙང་སྦྲ་བྱེད་བཞིན་པ།
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ནི་མཚོ་སྔོན་གྱི་འབྲོག་ལས་རྫོང་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་ས་གནས་དེ་གས་སྲོལ་རྒྱུན་འབྲོག་ལས་ཀྱི་ལེགས་ཆ་རྨང་གཞིར་བྱས་ནས་དེ་བས་ཕན་ཆེའི་གསོ་ཚགས་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། ཕྱུགས་ཁྱུའི་རྒྱུད་པ་ལེགས་སྒྲིག་དང་སྡོམ་གསོའི་ལག་རྩལ་ཁྱབ་གདལ་བཏང་ནས་རྩྭ་ར་ལེགས་བསྡུས་ཅན་གྱི་གཉེར་སྐྱོང་ཆུ་ཚད་མཐོ་རུ་བཏང་བ་དང་རྩྭ་ཐང་གི་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་པས་འབྲོག་པར་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།