འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་14ཉིན།

༄༅།།དྲ་འཕྲིན་སྡེ་ཚན་གྱིས་AIསྤྱད་དེ་སྤྱི་དམངས་མི་སྣར་བརྫུས་ནས་ཐད་གཏོང་ཚོང་གཉེར་བྱེད་པའི་
གནད་དོན་ཟང་ཟིང་རིགས་བཅོས་སྒྲིག་ནན་པོར་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་14ཉིན། 14:41】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཉེ་ཆར་དྲ་རྒྱའི་རྩིས་ཐོ་ཞིག་ཏུ་AIལག་རྩལ་སྤྱད་དེ་སྤྱི་དམངས་མི་སྣར་བརྫུས་ཏེ། ཐད་གཏོང་དང་བརྙན་ཐུང་སོགས་ཀྱི་ལྷུ་ཚིགས་སུ་ཚོང་གཉེར་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས་དྲ་དམངས་ལ་གོ་ནོར་ཐེབས་སུ་འཇུག་པས། དྲིལ་བསྒྲགས་རྫུན་མ་དང་དྲ་རྒྱའི་དབང་ཆར་བཙན་གནོད་བྱེད་པའི་དོགས་པ་ཡོད་པས་དྲ་རྒྱའི་ཁོར་ཡུག་གཏོར་བརླག་ཚབས་ཆེན་བཏང་ནས་ཤུགས་རྐྱེན་ངན་པ་བཟོས་ཡོད།

     དྲ་འཕྲིན་སྡེ་ཚན་གྱིས་“ཚོང་ཟོག་སྣ་འཛོམས་སྒོ་རྩིས་ཚོང་ཁང་ཆུང་ངུ་།” “ནཱ་ནའི་དངོས་ཟོག་བཟང་པོ་མནའ་འབྲེལ།” “གོ་ལ་ཧྲིལ་པོའི་ཤ་གསོས་མཛེས་བཟོའི་གདམ་གསེས་”སོགས་ཁྲིམས་འགལ་སྒྲིག་འགལ་གྱི་དྲ་རྒྱའི་རྩིས་ཐོ་ཁག་གཅིག་ཐག་གཅོད་ནན་པོར་བྱས་པ་རེད། དེ་དང་ཆབས་ཅིག་དྲ་ཚིགས་ལས་སྟེགས་ཀྱིས་བཅོས་སྐྱོང་སྤྱི་བསྒྲགས་ཁྱབ་བསྒྲགས་བྱ་རྒྱུར་སྐུལ་འདེད་བཏང་ནས་གཅིག་སྡུད་གཙང་བཤེར་བཅོས་སྐྱོང་བྱས་ཤིང་། ད་ལམ་འབྲེལ་ཡོད་སྒྲིག་འགལ་ཆ་འཕྲིན་8700ལྷག་ཙམ་གཙང་བཤེར་བྱས་པ་དང་། སྤྱི་དམངས་མི་སྣར་བརྫུ་རྩིས་ཀྱི་རྩིས་ཐོ་ཁྲི་1.1ལྷག་ཙམ་ཐག་གཅོད་བྱས་པ་རེད།

     གོམ་སྟབས་རྗེས་མར་དྲ་འཕྲིན་སྡེ་ཚན་གྱིས་དྲ་ཚིགས་ལས་སྟེགས་ལ་འགན་འཁྲིའི་བྱེད་པོ་མུ་མཐུད་འཁུར་དུ་བཅུག་སྟེ། AIསྤྱད་དེ་སྤྱི་དམངས་མི་སྣར་བརྫུས་ནས་ཐད་གཏོང་ཚོང་གཉེར་བྱེད་པའི་གནད་དོན་རིགས་ཆེར་གནོན་དང་དོ་དམ་ནན་པོར་བྱེད་པའི་རྣམ་པ་རྒྱུན་འཁྱོངས་དང་། བསམ་ངན་གྱི་ཚོང་གཉེར་རྩིས་ཐོ་དག་མཐོང་མ་ཐག་ཏུ་འཕྲལ་མར་ཐག་གཅོད་དང་དམར་འདོན་བྱས་ནས་དྲ་རྒྱའི་ཁོར་ཡུག་ལེགས་པོ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།