འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་14ཉིན།

༄༅།།ཆེས་མཐོའི་ཞིབ་དཔྱོད་ཁང་གིས། ཉེས་ཁྲིམས་ཁྲིམས་འགོད་དང་། དོགས་ཡོད་ཉེས་མེད་དུ་བརྩི་བ། ཁྲིམས་འགལ་གྱི་དཔང་རྟགས་རྩིས་མེད་དུ་
གཏོང་བ་སོགས་བཅའ་ཁྲིམས་ཀྱི་རྩ་དོན་དང་ལམ་ལུགས་དོན་འཁྱོལ་ནན་པོར་བྱེད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་14ཉིན། 14:33】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཚེས་13ཉིན་ཆེས་མཐོའི་ཞིབ་དཔྱོད་ཁང་གིས་“ཞིབ་དཔྱོད་ཀྱི་འགན་འཁྲི་སྤུས་ཚད་མཐོ་ཞིང་ཕན་འབྲས་ལྡན་པར་བསྒྲུབ་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་རྒྱུའི་”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་གསར་འགོད་པའི་དྲི་བར་ཡང་ལན་བཏབ།

     ཚོགས་འདུའི་ཐོག་ཆེས་མཐོའི་ཞིབ་དཔྱོད་ཁང་གི་བཅའ་ཁྲིམས་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་དབྱང་ཅན་པོ་ཡིས། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འཛིན་ནན་པོ་དང་དྲང་གཞག་བྱེད་དགོས་པ་དང་། ཉེས་ཁྲིམས་ཁྲིམས་འགོད་དང་། དོགས་ཡོད་ཉེས་མེད་དུ་བརྩི་བ། ཁྲིམས་འགལ་དཔང་རྟགས་རྩིས་མེད་དུ་གཏོང་བ་སོགས་བཅའ་ཁྲིམས་ཀྱི་རྩ་དོན་དང་ལམ་ལུགས་དོན་འཁྱོལ་ནན་པོར་བྱས་ཏེ་དཔང་རྟགས་ཞིབ་བཤེར་སྔར་ལས་མངོན་གསལ་དོད་པའི་གནས་སུ་བཞག་ནས་དཔང་རྟགས་བསྡུ་རུབ་དང་འདོན་སྤྲོད་ཀྱི་བཅའ་ཁྲིམས་གཏན་འབེབས་དང་མཐུན་པའི་འགན་ལེན་བྱེད་དགོས་པ། བརྟག་དཔྱད་ཞིབ་དཔྱད་དང་། རང་འགུལ་ངང་ཁ་གསབ་མྱུལ་ཞིབ་བྱེད་པ། ཕྱིར་ལོག་ནས་ཁ་གསབ་མྱུལ་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་ཡག་པོ་སྤྱོད་རྒྱུར་དོ་སྣང་བྱས་ཏེ་དཔང་རྟགས་དངོས་བདེན་དང་འདང་ངེས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བཤད་ཡོད་པ་རེད།