འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་14ཉིན།

༄༅།།རང་རྒྱལ་གྱི་ནུས་གསོག་འཕྲུལ་འཁོར་གསར་པའི་གློག་འདོན་ཤུཌ་ཆན་ཝ་དུང་ཕྱུར་1ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་14ཉིན། 14:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་བ་9པའི་ཟླ་མཇུག་བར། རང་རྒྱལ་གྱི་ནུས་གསོག་འཕྲུལ་འཁོར་གསར་པའི་གློག་འདོན་ཤུགས་ཆན་ཝ་དུང་ཕྱུར་1ལྷག་ཙམ་ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན། འཕར་ཚད་ལྡབ་30ལྷག་ཙམ་ཟིན་པ་དང་། གློག་འདོན་ཤུགས་ཀྱིས་གོ་ལ་ཧྲིལ་པོའི་གློག་འདོན་ཤུགས་ཀྱི་བསྡུར་ཚད་40%ལྷག་ཙམ་བཟུང་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ནུས་གསོག་ས་ཚིགས་རྐྱང་པའི་གཞི་ཁྱོན་ཆན་ཝ་ཁྲི་10ཡན་གྱི་གློག་འདོན་ཤུགས་ཀྱིས་བཟུང་བའི་བསྡུར་ཚད་2/3ལྷག་ཙམ་ཟིན་ནས་ཆེ་གྲས་ཅན་གྱི་འཕེལ་ཕྱོགས་མངོན་གསལ་དོད་པོ་ཡོད། ཆུ་ཚོད་གཉིས་དང་ཆུ་ཚོད་བཞི་ཡི་ནུས་གསོག་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་76.4%དང་16.7%སོ་སོར་ཟིན་པ་དང་ཆ་སྙོམས་ཀྱི་དུས་ཡུན་ཆུ་ཚོད་2.34ཟིན་གྱི་ཡོད།