འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་13ཉིན།

༄༅།།ཨུ་རུ་སུས་སྔར་བཞིན་ཡུག་རེན་དང་གྲོས་མོལ་བྱེད་འདོད་ཡོད་ཟེར།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་13ཉིན། 14:36】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཚེས་12ཉིན་ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་ཨུ་རུ་སུས་སྔར་བཞིན་ཡུག་རེན་གནད་དོན་ཐད་གྲོས་མོལ་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།

     གནས་ཚུལ་སྤེལ་བར་གཞིགས་ན། ཕེ་སི་ཁོ་ཧྥུའུ་ཡིས་གསར་འགོད་པར་“ཡོ་རོབ་པས་ཅེ་ཧྥུའུ་ལ་མུ་མཐུད་དམག་འཐབ་བྱ་རྒྱུར་སྐུལ་མ་གཏོང་བར་བློ་ཁ་ཕྱོགས་ཀྱི་ཡོད། སྤྱིའི་ཆ་ནས་བལྟས་ན། ཨ་རི་པས་མིག་སྔར་གནས་སྐབས་མཚམས་འཇོག་རྒྱུར་བློ་ཁ་ཕྱོགས་ཀྱི་ཡོད”ཅེས་བཤད་པ་རེད།

     ཕེ་སི་ཁོ་ཧྥུའུ་ཡིས་མུ་མཐུད་དུ་“ང་ཚོས་སྔར་བཞིན་གྲོས་མོལ་གྱི་འཕེལ་རིམ་ལ་སྒོ་དབྱེའི་རྣམ་འགྱུར་འཛིན་གྱི་ཡོད་པས་གྲོས་མོལ་གྱི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་མོད། འོན་ཀྱང་ཅེ་ཧྥུའུ་ཡིས་གནད་དོན་གང་ཞིག་གི་ཐད་སྐད་ཆ་ཤོད་རེས་བྱེད་འདོད་མེད་ལ་བཏོན་པའི་གནད་དོན་ལ་ལན་ཡང་འདེབས་འདོད་མེད། གནས་ཚུལ་དེའི་འོག་གྲོས་མོལ་ལ་ཕྱོགས་རྐྱང་པས་སྐུལ་འདེད་གཏོང་རྒྱུ་ནི་མི་སྲིད་པ་ཞིག་རེད”ཅེས་བཤད་པ་རེད།