འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་11ཉིན།

༄༅།།གངས་རིའི་འདབས་རོལ་དུ་གནས་པའི་འདབ་པའི་ཉི་སྟེང་མཛེས་ལྗོངས་ཁུལ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་11ཉིན། 14:00】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

འདི་ནི་འདབ་པའི་ཉི་སྟེང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་བར་སྐྱེལ་རླངས་འཁོར་ལ་བསྡད་དེ་མཛེས་ལྗོངས་ཁུལ་དུ་སྐྱོད་བཞིན་པ། (ཟླ་10ཚེས་29ཉིན་པར་བརྒྱབ)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧུང་ཅིང་གིས་པར་བརྒྱབ།

འདི་ནི་འདབ་པའི་ཉི་སྟེང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་བར་སྐྱེལ་རླངས་འཁོར་ལ་བསྡད་དེ་མཛེས་ལྗོངས་ཁུལ་དུ་སྐྱོད་བཞིན་པ། (ཟླ་10ཚེས་29ཉིན་པར་བརྒྱབ)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧུང་ཅིང་གིས་པར་བརྒྱབ།

འདི་ནི་ཡུལ་སྐོར་བས་འདབ་པའི་ཉི་སྟེང་མཛེས་ལྗོངས་ཁུལ་གྱི་ལྷ་མཚོའི་ངོགས་སུ་པར་རྒྱག་བཞིན་པ། (ཟླ་10ཚེས་29ཉིན་པར་བརྒྱབ)ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ།(ཀྲོང་ཀེར་གྱིས་པར་བརྒྱབ)

འདི་ནི་ཡུལ་སྐོར་བས་འདབ་པའི་ཉི་སྟེང་མཛེས་ལྗོངས་ཁུལ་གྱི་ལྷ་མཚོའི་ངོགས་སུ་པར་རྒྱག་བཞིན་པ། (ཟླ་10ཚེས་29ཉིན་པར་བརྒྱབ)ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ།(ཀྲོང་ཀེར་གྱིས་པར་བརྒྱབ)

འདི་ནི་མཚོ་མགོ་དགོན་གྱི་སྤང་གཤོངས་མདུན་དུ་བོད་རིགས་ཀྱི་གཞོན་ནུ་འགའ་དང་ཡུལ་སྐོར་བ་མཉམ་དུ་སྒོར་གཞས་རྒྱག་བཞིན་པ། (ཟླ་10ཚེས་26ཉིན་པར་བརྒྱབ) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧུང་ཅིང་གིས་པར་བརྒྱབ།

འདི་ནི་མཚོ་མགོ་དགོན་གྱི་སྤང་གཤོངས་མདུན་དུ་བོད་རིགས་ཀྱི་གཞོན་ནུ་འགའ་དང་ཡུལ་སྐོར་བ་མཉམ་དུ་སྒོར་གཞས་རྒྱག་བཞིན་པ། (ཟླ་10ཚེས་26ཉིན་པར་བརྒྱབ) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧུང་ཅིང་གིས་པར་བརྒྱབ།

     ད་ཆ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་འདབ་པའི་ཉི་སྟེང་མཛེས་ལྗོངས་ཁུལ་འདི་ཉིད་ལྗོངས་གཟིཌ་ཀྱི་དུས་ཚིགས་ཡག་ཤོས་སུ་སླེབས་ཡོད། འདབ་པའི་ཉི་སྟེང་མཛེས་ལྗོངས་ཁུལ་ནི་གཙོ་བོ“བྱམས་གནས་རི་དང་། འཇམ་དཔལ་དབྱངས། ཕྱག་ན་རྡོ་རྗེ”བཅས་གངས་རི་གསུམ་དང་། མཐའ་འཁོར་གྱི་ཆུ་བོ་དང་མཚོ་མཚེའུ། རི་མཐོ་སྤང་གཤོངས་བཅས་ལས་གྲུབ་ཅིང་། དེའི་ཐུན་མོང་མ་ཡིན་པའི་གདོད་མའི་སྐྱེ་ཁམས་ཁོར་ཡུག་དང་། དེ་བཞིན་བརྗིད་ཉམས་ལྡན་པ་དང་། ངོ་མཚར་ཆེ་བ། མཛེས་ཤིང་ལྟ་ན་སྡུག་པ་བཅས་ཀྱི་རང་བྱུང་མཛེས་ལྗོངས་ལས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད།

     འདབ་པའི་ཉི་སྟེང་མཛེས་ལྗོངས་ཁུལ་ནི་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཡིན་ལ། ཉི་སྟེང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཁོངས་སུ་གཏོགས་ཤིང་། 2003ལོའི་ཟླ་7པར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཉི་སྟེང་འཛམ་གླིང་སྐྱེ་དངོས་འཁོར་རྒྱའི་སྲུང་སྐྱོང་ཁུལ་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་རེད།