ཞི་ཅིན་ཕིང་གྲལ་ཞུགས་དར་ཆ་སྤྲོད་པའི་མཛད་སྒོར་ཞུགས་པ་དང་གྲུ་གཟིངས་ལ་འཛེགས་ནས་གཟིགས་ཞིབ་གནང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་09ཉིན། 13:39】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་11ཚེས་5ཉིན། རང་རྒྱལ་གྱི་གློག་ངར་འཕེན་གཏོང་རྣམ་པའི་གནམ་ཐང་གྲུ་གཟིངས་དང་པོ་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུར་གྲལ་ཞུགས་དར་ཆ་སྤྲོད་པའི་མཛད་སྒོ་ཧའེ་ནན་སན་ཡ་ཡི་དམག་དོན་གྲུ་ཁ་ཞིག་ཏུ་གཉེར་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གྲལ་ཞུགས་དར་ཆ་སྤྲོད་པའི་མཛད་སྒོར་ཞུགས་པ་དང་གྲུ་གཟིངས་ལ་འཛེགས་ནས་གཟིགས་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུའི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན་ལ་དར་ཆ་སྤྲོད་བཞིན་པ།

ཟླ་11ཚེས་5ཉིན། རང་རྒྱལ་གྱི་གློག་ངར་འཕེན་གཏོང་རྣམ་པའི་གནམ་ཐང་གྲུ་གཟིངས་དང་པོ་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུར་གྲལ་ཞུགས་དར་ཆ་སྤྲོད་པའི་མཛད་སྒོ་ཧའེ་ནན་སན་ཡ་ཡི་དམག་དོན་གྲུ་ཁ་ཞིག་ཏུ་གཉེར་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གྲལ་ཞུགས་དར་ཆ་སྤྲོད་པའི་མཛད་སྒོར་ཞུགས་པ་དང་གྲུ་གཟིངས་ལ་འཛེགས་ནས་གཟིགས་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་གྲུ་ཐོག་གི་གནམ་གྲུ་གཏོང་མཁན་དང་མཁའ་སྐྱོད་འགན་སྲུང་མི་སྣ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་སན་ཡ་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། རང་རྒྱལ་གྱི་གློག་ངར་འཕེན་གཏོང་རྣམ་པའི་གནམ་ཐང་གྲུ་གཟིངས་དང་པོ་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུར་གྲལ་ཞུགས་དར་ཆ་སྤྲོད་པའི་མཛད་སྒོ་ཧའེ་ནན་སན་ཡ་ཡི་དམག་དོན་གྲུ་ཁ་ཞིག་ཏུ་གཉེར་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གྲལ་ཞུགས་དར་ཆ་སྤྲོད་པའི་མཛད་སྒོར་ཞུགས་པ་དང་སྦྲགས། གྲུ་གཟིངས་ལ་འཛེཌ་ནས་གཟིགས་ཞིབ་གནང་བ་རེད།
ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་30ཙམ་ལ། གྲལ་ཞུགས་དར་ཆ་སྤྲོད་པའི་མཛད་སྒོ་འགོ་ཚུགས་པ་དང་། ཚང་མས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་སྐར་ལྔའི་དར་དམར་དལ་གྱིས་བསྒྲེངས། གཟབ་སྦྲེང་གུས་ལུཌ་དམག་གིས་བརྒྱད་གཅིག་དམག་དར་སྲུང་བཞིན་ཀྲུའུ་ཞི་སྟེགས་བུའི་མདུན་དུ་གོམ་སྟབས་འགྲིག་པོས་སྐྱོད། ཞི་ཅིན་ཕིང་གིས་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུའི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན་ལ་བརྒྱད་གཅིག་དམག་དར་སྤྲད་གནང་ཞིང་། ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུའི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན་གྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་ཏེ་ཞི་ཅིན་ཕིང་གི་ཕྱག་ནས་བརྒྱད་གཅིག་དམག་དར་བཞེས། དེ་རྗེས་ཞི་ཅིན་ཕིང་དང་ཁོང་རྣམ་པ་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད། གྲལ་ཞུགས་དར་ཆ་སྤྲོད་པའི་མཛད་སྒོ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་སྒྲའི་ཁྲོད་མཇུག་འགྲིལ་བ་རེད།
ཞི་ཅིན་ཕིང་གིས་རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེན་པོ་གནང་གི་ཡོད། མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུར་འཛེགས་ནས་རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་འཛུགས་སྐྲུན་དང་འཕེལ་རྒྱས་ལས་དོན་གྱི་སྙན་སེང་གསན་པ་དང་། གནམ་ཐང་གྲུ་གཟིངས་མ་ལག་གི་དམག་འཐབ་ནུས་པ་གྲུབ་ཚུལ་དང་གློག་ངར་འཕེན་གཏོང་རྣམ་པའི་མ་ལག་འཛུགས་སྐྲུན་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།
ཡངས་ཤིང་རྒྱ་ཆེ་བའི་འཕུར་སྐྱོད་གྲུ་གཅལ་ཐོག་བཀག་འགོག་ཐག་པ་4དང་འཕེན་གཏོང་འཕུར་ལམ་3མངོན་གསལ་ལྷག་པར་དོད་པ་དང་། རྒོལ་གཏོར-35དང་། རྒོལ་གཏོར-15T མཁའ་ཟོན-600སོཌ་གནམ་གྲུ་གསར་པ་གོ་རིམ་སྟར་ཆགས་སུ་བཞག་ཡོད། ཞི་ཅིན་ཕིང་གིས་གྲུ་གཅལ་གྱི་ནུས་པ་དང་བཀོད་པའི་ངོ་སྤྲོད་གསན་གནང་བ་མ་ཟད། གོ་མཚོན་དང་སྒྲིག་བཀོད་ལ་གཟིགས་ཞིབ་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་གནམ་གྲུ་གཏོང་མཁན་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་སྟེ། གནམ་གྲུའི་ལག་རྩལ་དང་འཐབ་རྩལ་གྱི་བྱེད་ནུས་དང་གློག་ངར་འཕེན་གཏོང་གི་ཁྱད་ཆོས་དང་དགེ་མཚན་ཐད་བཀའ་འདྲི་ཞིབ་ཕྲ་གནང་བ་དང་ཆབས་ཅིག གནམ་གྲུ་འཕེན་གཏོང་འཕུར་སྐྱོད་ཀྱི་བརྒྱུད་རིམ་ནང་སྦྱོང་ལ་གཟིགས་པ་རེད།
ཚོན་མདོག་སྣ་ཚོགས་ཀྱི་སྟོད་གོས་གྱོན་པའི་མཁའ་འགྲུལ་འགན་སྲུང་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་ཕེབས་པ་མཐོང་སྐབས་གཅིག་རྗེས་གཉིས་མཐུད་ངང་གམ་དུ་བཅར་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ཕེབས་པར་དགའ་བསུ་ཞུས་ཏེ་རང་རང་སོ་སོའི་ལས་གནས་དང་འགན་འཁྲི་གཙོ་བོ་སྙན་སེང་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མས་ཆེད་ལས་རྩལ་ནུས་དང་དམག་འཐབ་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུའི་དམག་འཐབ་ནུས་པ་འཛུགས་སྐྱོང་ལ་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།
དེ་རྗེས་ཞི་ཅིན་ཕིང་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུའི་ཐོག་ཁར་ཕེབས་ནས་གནམ་ལྕོག་ཏུ་འཛེགས་ཏེ་འཕུར་སྐྱོད་བཀོད་འདོམས་དང་འཕུར་འབབ་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཞི་ཅིན་ཕིང་བཀོད་འདོམས་ཁང་དུ་ཕེབས་ནས་སྡོད་བྱའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་མཁའ་འགྲུལ་པའི་ཉིན་ཐོར་གཟབ་ནན་ངང་མཚན་རྟགས་བཀོད་པ་རེད། ཞི་ཅིན་ཕིང་སྐུ་ངོ་མས་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུའི་གློག་ངར་འཕེན་གཏོང་ལག་རྩལ་སྤྱོད་རྒྱུའི་ཐབས་ཇུས་བཀོད་གནང་བ་རེད། དེ་རྗེས་ཁོང་གློག་ངར་འཕེན་གཏོང་ཕྱོགས་བསྡུས་ཚོད་འཛིན་ས་ཚིགས་སུ་ཕེབས་ནས་ལས་ཀའི་བརྒྱུད་རིམ་ལ་ཞིབ་ཕྲ་གཟིགས་གནང་བ་རེད། ཞི་ཅིན་ཕིང་གིས་གྲུ་གཟིངས་ཐོག་གི་དཔོན་དམག་གི་འཚོ་བར་ཐུགས་ཁུར་གཟབ་བཞེས་གནང་ཞིང་། ཆེད་མངགས་ཟ་ཁང་དང་དམག་མིའི་གྲུ་ཁང་དུ་ཕེབས་ནས་བཟའ་བཏུང་དང་ཉལ་ཁང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་མི་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་རིམ་པ་ཁག་གིས་ཕྱོགས་གང་ཅིའི་ཐད་ཀྱི་འགན་སྲུང་ལས་དོན་ཡག་པོ་བསྒྲུབས་ནས་རྒྱ་ཆེའི་དཔོན་དམག་དཔུང་སྡེ་འཛུགས་སྐྱོང་དང་དམག་གྲབས་དམག་རྒྱག་ནང་དེ་བས་ལེགས་པའི་སྒོ་ནས་ཞུགས་ཐུབ་པ་བྱེད་དགོས་པའི་མངགས་བཅོལ་ཡང་གནང་བ་རེད།
ཞལ་གྱེས་སྐབས་དཔོན་དམག་ཚོས་ཁོང་དང་འབྲལ་མི་ཕོད་པར་འཕུར་ལམ་དང་གྲུ་ཁར་རུ་སྟར་བསྒྲིགས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གུས་འདུད་ཞུས་ནས“ཏང་གི་བཀོད་འདོམས་ལ་ཉན་པ་དང་། འཐབ་ན་རྒྱལ་ངེས་ཡིན་པ། སྤྱོད་ཚུལ་ལེགས་པ”བཅས་ཀྱི་འབོད་ཚིག་སྐད་གསང་མཐོན་པོས་གྲགས་པ་རེད།
ཚའེ་ཆི་དང་ཀྲང་གོ་ཆིང་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུར་གྲལ་ཞུགས་དར་ཆ་སྤྲོད་པའི་མཛད་སྒོར་ཞུགས་ཤིང་། ཀྲང་ཧྲེང་མིང་གིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུ་ནི་རང་རྒྱལ་གྱི་གློག་ངར་འཕེན་གཏོང་རྣམ་པའི་གནམ་ཐང་གྲུ་གཟིངས་དང་པོ་དེ་ཡིན་ལ། རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་གསུམ་པ་དེ་ཡང་ཡིན། གྲུ་ལྡེབས་ཨང་རྟགས“18”ཡིན་པ་དང་2022ལོའི་ཟླ་བ་6པར་ཆུ་ཐོག་ཏུ་བཏང་རྗེས་མིང་བཏགས་ཤིང་། ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུ་ནི་རང་རྒྱལ་གྱིས་རང་བདག་ཇུས་འགོད་བྱས་ནས་བཟོས་པ་ཞིག་ཡིན་པ་དང་དེའི་གློག་ངར་འཕེན་གཏོང་ལག་རྩལ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།