གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་04ཉིན། 14:43】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཚེས་3ཉིན་ནེའུ་ཙི་ལན་སྲིད་གཞུང་གིས་དེ་ཉིན་ནས་བཟུང་ནེའུ་ཙི་ལན་གྱིས་ཨོ་སི་ཁྲུ་ལི་ཡའི་ཡུལ་སྐོར་དང་། ལས་དོན། སློབ་མའམ་ཡང་ན་ཁྱིམ་ཚང་གི་ཐོངས་མཆན་ནུས་ལྡན་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་ཡོང་ཆོག་པའི་སྲིད་ཇུས་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
སྲིད་ཇུས་གཞིར་བཟུང་ཀྲུང་གོའི་སྤྱི་དམངས་དེ་དག་གིས་ནེའུ་ཙི་ལན་གྱི་གློག་རྡུལ་ཡུལ་སྐོར་དབང་ཆའི་རེ་བ་ཞུ་བ་ལས་ཐོངས་མཆན་གྱི་རེ་བ་ཞུ་མི་དགོས་པ་དང་ཐེངས་རེར་ནེའུ་ཙི་ལན་དུ་ཟླ་བ་གསུམ་ལས་བརྒལ་མི་ཆོག་པ་རེད། ཐོ་འགོད་མི་དགོས་པའི་སྲིད་ཇུས་དེ་ཟླ་12རིང་ཚོད་ལྟ་བྱ་རྒྱུ་ཡིན་མོད། འོན་ཀྱང་ཨོ་སི་ཁྲུ་ལི་ཡ་ནས་བར་བརྒལ་བྱེད་པའི་འགྲུལ་པ་རྣམས་ལ་འཚམ་པོ་མེད་པ་རེད།
ཚེས་3ཉིན་ནེའུ་ཙི་ལན་གྱི་གནས་སྤོས་པུའུ་ཀྲང་ཨའེ་ལི་ཁ་·སི་ཐན་ཧྥུའུ་ཡིས་སྲིད་གཞུང་གི་གསར་འགྱུར་སྤྱི་བསྒྲགས་ཤིག་གི་ནང་བྱ་སྤྱོད་དེས་ནེའུ་ཙི་ལན་ཡུལ་སྐོར་བྱ་ཡུལ་ཞིག་ཡིན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ལྷག་པར་དུ་ས་གནས་ཀྱི་དཔལ་འབྱོར་དང་ས་གནས་དེ་གའི་ཁེ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད་ཅེས་བཤད་པ་རེད། 2025ལོའི་ཟླ་7པ་བར་དུ་ཀྲུང་གོ་ནི་ནེའུ་ཙི་ལན་གྱི་ཡུལ་སྐོར་ཁྲོམ་ར་ཆེ་གྲས་གསུམ་པ་ཡིན་པ་དང་ལོ་རེར་ཡུལ་སྐོར་བ་ཁྲི་25ཙམ་རྒྱལ་ཁོངས་སུ་ཡོང་བ་རེད། སྔོན་དཔག་བྱས་ན་ད་ཐེངས་ཀྱི་སྲིད་ཇུས་ལག་བསྟར་བྱས་རྗེས་ལོ་ལྟར་ཨོ་སི་ཁྲུ་ལི་ཡ་བརྒྱུད་ནས་ཡོང་བའི་ཡུལ་སྐོར་བ་ཁྲི་5ཙམ་མང་དུ་འགྲོ་རྒྱུ་ཡིན་པ་རེད།
སྤྱི་བསྒྲགས་ནང་དུ། ནེའུ་ཙི་ལན་གྱི་ཡུལ་སྐོར་དང་མགྲོན་ཁང་ལས་རིགས་ཀྱི་པུའུ་ཀྲང་ལུའུ་དབྱི་སི་·ཨེ་ཕུའུ་སི་ཏུན་གྱི་སྐད་ཆ་དྲངས་ནས་ཐ་སི་མན་རྒྱ་མཚོ་ལས་བརྒལ་བའི་ཡུལ་སྐོར་དེ་བས་བདེ་བླག་དང་སྟབས་བདེ་རུ་འགྲོ་རྒྱུ་ཡིན་པས། ཡུལ་སྐོར་ཀྲུང་གོ་བ་སྔར་ལས་མང་བའི་ཡིད་དབང་བཀུགས་ནས་ནེའུ་ཙི་ལན་དུ་ཡུལ་སྐོར་ལ་ཡོང་བའི་རེ་བ་ཡོད་པ་རེད། འཐུས་མཆན་བཀོད་པའི་ལག་ཁྱེར་སྟབས་བདེ་རུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། ད་དུང་ཁྱིམ་ཚང་དང་ཚོང་ལས་དབར་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་ཡོད་པའང་དྲངས་ཡོད་པ་རེད།