འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་4ཉིན།

༄༅།།གཞིས་རྩེའི་དིང་རི་རྫོང་དུ་ས་ཡོམ་རིམ་པ་4.4བྱུང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་04ཉིན། 14:33】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་11ཚེས་4ཉིན་གྱི་ཆུ་ཚོད་4དང་སྐར་མ་57ཙམ་ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་4.4བརྒྱབ། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10དང་། ས་ཡོམ་ལྟེ་གནས་ནི་བྱང་གི་འཕྲེད་ཐིག་ཏུའུ་28.43དང་ཤར་གྱི་གཞུང་ཐིག་ཏུའུ་87.40རེད།

     རྒྱབ་ལྗོངས་མདོར་བསྡུས།

     ཉེ་འགྲམ་གྱི་གྲོང་ཚོ་དང་གྲོང་རྡར། ད་ཐེངས་ས་ཡོམ་གྱི་མཐའ་འཁོར་སྤྱི་ལེ་5ཡི་ནང་གི་གྲོང་ཚོར་ཡེ་བྱང་གྲོང་ཚོ་དང་། ཐང་རི། སྐྱིད་ལུང་། གདོང་རྭ་སོགས་ཡོད་པ་དང་། སྤྱི་ལེ་20ཡི་ནང་གི་ཤང་དང་གྲོང་རྡལ་ལ་མཚོ་སྒོ་ཤང་དང་ཆུ་ལྷོ་ཤང་ཡོད།

     མཐའ་འཁོར་གྱི་རྫོང་དང་གྲོང་ཁྱེར། ཡོམ་ཁུལ་ལྟེ་གནས་དང་དིང་རི་རྫོང་གི་བར་ཐག་སྤྱི་ལེ་37དང་། ཏིང་སྐྱེས་རྫོང་དང་བར་ཐག་སྤྱི་ལེ་37 ལྷ་རྩེ་རྫོང་དང་བར་ཐག་སྤྱི་ལེ་76 ས་སྐྱ་རྫོང་དང་བར་ཐག་སྤྱི་ལེ་80 ངམ་རིང་རྫོང་དང་བར་ཐག་སྤྱི་ལེ་98 གཞིས་ཀ་རྩེ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་172 ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་386བཅས་ཡོད།

     ཡོམ་ཁུལ་ལྟེ་གནས་ཀྱི་ས་དབྱིབས། ཡོམ་ཁུལ་ལྟེ་གནས་ཀྱི་སྤྱི་ལེ་5ཡི་ཁྱབ་ཁོངས་ནང་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4740ཙམ་ཡིན།

  ས་ཡོམ་བྱུང་བའི་ལོ་རྒྱུས། ཀྲུང་གོའི་ས་ཡོམ་དྲ་བའི་མྱུར་ཞུའི་དཀར་ཆག་ལྟར་ན། ཉེ་བའི་ལོ་5རིང་ས་ཡོམ་ལྟེ་གནས་མཐའ་འཁོར་གྱི་སྤྱི་ལེ་200ནང་རིམ་པ་3ཡན་གྱི་ས་ཡོམ་ཁྱོན་ཐེངས་132བྱུང་བ་དང་། ས་ཡོམ་ཆེ་ཤོས་ནི་2025ལོའི་ཟླ་1ཚེས་7ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་བྱུང་བའི་རིམ་པ་6.8ཀྱི་ས་ཡོམ་(ད་ཐེངས་ཀྱི་ས་ཡོམ་ལྟེ་གནས་ཀྱི་བར་དུ་སྤྱི་ལེ་9ཡོད།)ཡིན་པ་དང་། ས་ཡོམ་རིམ་པའི་ཆེ་ཆུང་ལྟར་བསྒྲིགས་པའི་ལོ་རྒྱུས་སུ་ས་ཡོམ་བྱུང་ཐེངས་50ཁྱབ་ཚུལ་རི་མོ་འདི་ལྟར་ཡིན།