འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་4ཉིན།

༄༅།།“པེ་ཀེའི་གླེང་མོལ”གྱི་ཡོངས་བསྒྲགས་གླེང་སྟེགས་ཀྱིས་ གོ་ལ་ཧྲིལ་པོའི་འཕེལ་ཕྱོགས་ལ་དམིགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་04ཉིན། 14:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། པེ་ཅིང་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དང་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གིས་མཉམ་དུ་གཉེར་བའི“པེ་ཀེའི་གླེང་མོལ”གྱི་ཡོངས་བསྒྲགས་གླེང་སྟེགས་པེ་ཅིང་དུ་འཚོགས་པ་རེད། ད་ཐེངས་ཀྱི་ཡོངས་བསྒྲགས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“གོ་ལ་ཧྲིལ་པོའི་འཕེལ་ཕྱོགས་དང་ཨ་རིའི་བཙན་དབང་གི་ལས་དབང”ཞེས་པ་དེ་རེད། ཚོགས་ཞུགས་སྐུ་མགྲོན་གྱིས་ཨ་རིའི་རྒྱལ་ནང་གི་ཆབ་སྲིད་འགྱུར་ལྡོག་གིས་གོ་ལ་ཧྲིལ་པོའི་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཐེབས་ལུགས་དང་། རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་དུས་བབ་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་སྲིད་ཇུས་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།