གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་04ཉིན། 13:48】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་11ཚེས་2ཉིན་གསལ་བསྒྲགས་སྤེལ་གསལ་དུ། ཨོའུ་ཕེ་ཁེ་དང་ཨོའུ་ཕེ་ཁེ་མིན་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཁྲོད་ཀྱི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་གཙོ་བོ་8ཀྱིས་ཟླ་12པར་ཐོན་སྤོར་གྱི་གོམ་སྟབས་རྒྱུན་འཁྱོངས་བྱས་ནས། ཉིན་རེར་མ་བཅོས་རྡོ་སྣུམ་ཟོམ་ཁྲི་13.7ཐོན་སྤོར་གྱི་གཏན་འབེབས་བྱས་ཡོད་མོད། འོན་ཀྱང་། 2026ལོའི་སྔོན་གྱི་ཟླ་བ་གསུམ་ནང་ཐོན་སྤོར་གྱི་འཆར་གཞི་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
སོ་ཏི་ཨ་རབ་དང་། ཨུ་རུ་སུ། དབྱི་རག ཨ་རབ་མཉམ་འབྲེལ་། ཁུ་ཝེ་ཐེ། ཧ་སག་སི་ཐན། ཨར་ཅི་རི་ཡ། ཨ་མན་བཅས་ཀྱི་འཐུས་མིས་ཉིན་དེར་དྲ་ཐོག་ཚོགས་འདུ་འཚོགས་ནས་རྒྱལ་སྤྱིའི་རྡོ་སྣུམ་གྱི་ཁྲོམ་རའི་གནས་བབ་དང་དེ་བཞིན་མདུན་ལམ་ཐད་གྲོས་བསྡུར་བྱས་པ་རེད།
གསལ་བསྒྲགས་ནང་དུ། ད་ལྟའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྔོན་དཔག་ལྟར་ན་བལྟོས་བཅས་ཐོག་ནས་བརྟན་པོ་ཡིན་པ་དང་། རྡོ་སྣུམ་ཉར་ཚད་ཅུང་བས་ལེགས་སྒྲིག་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། གཞན་ཡང་། དུས་ཚིགས་རང་བཞིན་གྱི་རྒྱུ་རྐྱེན་དབང་གིས་ཁོང་ཚོས་སང་ལོའི་དུས་ཚིགས་དང་པོར་ཐོན་ཚད་སྤོར་བའི་གོམ་སྟབས་གནས་སྐབས་མཚམས་འཇོག་བྱ་རྒྱུའི་ཐག་བཅད་པ་དང་། ཐོན་ཚད་དེ་2025ལོའི་ཟླ་12པ་དང་གཅིག་མཚུངས་ཡིན་པ་རེད།