གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་03ཉིན། 14:17】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
《དེ་རིང་གི་རྒྱ་གར་》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་2ཉིན་གྱི་དགོང་མོར་ལ་ཅ་སི་ཐན་སྡེ་ཁུལ་དུ་རླངས་འཁོར་གཉིས་གདོང་ཐུག་བྱུང་བའི་དོན་རྐྱེན་ཞིག་ཐོན་ནས་མི་15རྐྱེན་ལམ་དུ་ཤོར་བ་དང་མི་2ལ་རྨས་སྐྱོན་ཕོག་ཡོད་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། ཡུལ་སྐོར་རླངས་འཁོར་ཞིག་ལམ་འགྲམ་དུ་བཞག་པའི་ལྗིད་ཐེག་རླངས་འཁོར་ཞིག་ལ་རྡུང་ནས་ཡུལ་སྐོར་རླངས་འཁོར་གྱི་འགྲུལ་པ་15རང་སར་རྐྱེན་ལམ་དུ་ཤོར་བ་དང་རྨས་སྐྱོན་ཕོག་མཁན་2སྨན་ཁང་དུ་བསྐྱལ་བ་རེད།
ཉེན་རྟོག་ཕྱོགས་ཀྱིས་རྐྱེན་ལམ་དུ་ཤོར་མི་རྣམས་སྤྱི་ལེ་220ཡི་ཕྱི་རོལ་གྱི་ལྷ་ཁང་ཞིག་མཇལ་བྱས་རྗེས་ལོག་བཞིན་ཡོད་པ་རེད།
རྒྱ་གར་གྱི་ཙུང་ཐུང་མུའུ་ཨེར་མུའུ་དང་ཙུང་ལི་མོ་ཏིས་མི་སྣ་ཤི་རྨས་བྱུང་རིགས་ལ་མྱ་ངན་ཞུས་པ་རེད། མོ་ཏིའི་གཞུང་ལས་ཁང་གིས་རྐྱེན་ལམ་དུ་ཤོར་བའི་མི་ཚང་མར་ལུའུ་པི་ཁྲི་20(མི་དམངས་ཤོག་སྒོར་སྒོར་16000ཙམ་)གྱི་གཟིགས་སྐྱོང་དངུལ་སྤྲོད་རྒྱུ་དང་རྨས་མི་ཚང་མར་ལུའུ་པི་ཁྲི་5ཐོབ་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་པ་རེད།