འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་3ཉིན།

༄༅།།ཧོའེ་ཧྭ་ཉེན་རྟོག་ཕྱོགས་ཀྱིས་ཕྲུ་གུ་དམར་འབྱར་3སྐྱོབ་པ་དང་། ཉེས་གསོག་དོགས་ཅན་4བཟུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་03ཉིན། 14:14】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཟླ་11ཚེས་2ཉིན། ཧུའུ་ནན་ཧོའེ་ཧྭ་གྲོང་ཁྱེར་སྤྱི་བདེ་ཅུས་ཧོ་ཁྲེང་ཡན་ལག་ཅུས་ཀྱིས་ཉེན་རྟོག་གནས་ཚུལ་བརྡ་ཁྱབ་བཏང་གསལ་དུ། ཟླ་11ཚེས་1ཉིན་གྱི་ཆུ་ཚོད་12ཡས་མས་སུ་མང་ཚོགས་ཀྱི་ཉེན་བརྡ་འབྱོར་ནས་ཕྲུ་གུ་དམར་འབྱར་འཚོང་མཁན་ཉེས་གསོག་གི་ཁུངས་སྣེ་ཤེས་རྟོགས་བྱུང་བས། མངའ་ཁོངས་ཀྱི་མངགས་གཏོང་ཁང་གིས་མྱུར་དུ་ཉེན་རྟོག་པ་བཏང་ནས་ཉེས་གསོག་དོགས་ཡོད་མི་སྣ་གཉིས་ཚོད་འཛིན་བྱས་པ་མ་ཟད། ཐེར་འདོན་བྱེད་མཁན་སྤྱི་བདེ་ལས་ཁུངས་སུ་བརྟག་དཔྱད་ལ་གཞོགས་འདེགས་བྱེད་པར་ཡོང་དགོས་པའི་བརྡ་ཐོ་བཏང་བ་རེད། བརྟག་དཔྱད་བྱས་རྗེས་གཞི་རྩའི་ཐོག་དོན་དངོས་ཡིན་པ་ཤེས་རྗེས། ཆེད་དོན་ཚོ་ཆུང་བཙུགས་ནས་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་པ་རེད།

     ཟླ་11ཚེས་1ཉིན་གྱི་དགོང་མོའི་བར་ཉེས་གསོག་དོགས་ཡོད་མི་སྣ་4བཟུང་བ་དང་ཕྲུ་གུ་དམར་འབྱར་3བདེ་བླག་ངང་སྐྱོབ་ཐུབ་པ་རེད། ད་ཆ། གྱོད་གཞི་སྔར་བཞིན་མྱུལ་ཞིབ་བྱེད་བཞིན་ཡོད།

     ཉེན་རྟོག་ཕྱོགས་ནས། བུད་མེད་དང་བྱིས་པའི་ཁེ་དབང་ལ་བཙན་གནོད་བྱེད་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་“བཟོད་སྒོམ་མི་བྱེད་པའི་”རྣམ་འགྱུར་རྒྱུན་འཁྱོངས་བྱས་ནས་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། ཐེར་འདོན་མཁན་གྱིས་སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་བརྟག་དཔྱད་དང་དཔང་རྟགས་བདེན་དཔང་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་དང་ཞིབ་དཔྱད་བྱས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱེད་དགོས།