འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་3ཉིན།

༄༅།།སྡེ་ཁག་གཉིས་ཀྱིས་གསེར་དང་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་ཁ་གསལ་བཟོས་པ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་03ཉིན། 13:43】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཟླ་11ཚེས་1ཉིན་སྤྱི་བསྒྲགས་སྤེལ་ནས་གསེར་དང་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་ཁ་གསལ་བཟོས་ཡོད།

    སྤྱི་བསྒྲགས་གཞིར་བཟུང་། 2027ལོའི་ལོ་མཇུག་གོང་། ཁོངས་མིའི་སྡེ་ཚན་ནམ་ཡང་ན་སྤྱོད་མཁན་གྱིས་ཧྲང་ཧའེ་གསེར་ཉོ་ཚོང་ཁང་དང་ཧྲང་ཧའེ་དུས་ཟོག་ཉོ་ཚོང་ཁང་བརྒྱུད། ཚད་ལྡན་གསེར་ཉོ་ཚོང་བྱེད་པ་དང་བཙོང་མཁན་ཁོངས་མིའི་སྡེ་ཚན་ནམ་ཡང་ན་མཁོ་མཁན་གྱིས་ཚད་ལྡན་གྱི་གསེར་ཕྱིར་ཚོང་བྱེད་སྐབས། གནས་ཐང་འཕར་བའི་དཔྱ་ཁྲལ་མི་བསྡུ་རྒྱུ། དངོས་རྫས་རྩིས་སྤྲོད་བྱས་ནས་མཛོད་ནས་ཕྱིར་ཐོན་བྱས་མེད་ན། ཉོ་ཚོང་ཁང་གིས་གནས་ཐང་འཕར་བའི་རིན་ཐང་མི་བསྡུ། དངོས་རྫས་རྩིས་སྤྲོད་བྱས་ནས་མཛོད་ནས་ཕྱིར་གཏོང་བྱས་ཚེ། ཚད་ལྡན་གསེར་གྱི་མ་འཇོག་རང་བཞིན་གྱི་སྤྱོད་སྒོ་དང་མ་འཇོག་རང་བཞིན་མིན་པའི་སྤྱོད་སྒོ་དབྱེ་འབྱེད་བྱས་ཏེ། གཏན་འབེབས་ལྟར་གནས་ཐང་འཕར་བའི་དཔྱ་ཁྲལ་འཕྲལ་བསྡུ་འཕྲལ་སློག་བྱེད་པའི་སྲིད་ཇུས་དང་། དེ་བཞིན་གནས་ཐང་འཕར་བའི་དཔྱ་ཁྲལ་མི་བསྡུ་བ་དང་། ཉོ་མཁན་གྱིས་འཐེན་ཚད་6%ལྟར་ནང་འདྲེན་དཔྱ་ཁྲལ་རྩིས་རྒྱག་པའི་སྲིད་ཇུས་སོ་སོར་སྤྱོད་དགོས།

    ལས་རིགས་ནང་ཁུལ་གྱི་མི་སྣས་གོང་གསལ་གྱི་སྲིད་ཇུས་ནི་ད་ཡོད་གསེར་གྱི་ཁྲོམ་རའི་སྲིད་ཇུས་སྔར་བས་འཐུས་ཚང་དུ་བཏང་བ་ཞིག་ཡིན་པས། གསེར་གྱི་ཚོང་ཟོག་དང་དངུལ་རྩའི་ངོ་བོ་དེ་བས་ལེགས་པའི་སྒོ་ནས་དབྱེ་འབྱེད་ཐུབ་པ་དང་། ད་ཐེངས་ཀྱི་སྲིད་ཇུས་ལེགས་སྒྲིག་བྱས་པ་ནི་ཉོ་ཚོང་ཁང་གིས་གསེར་ཉོ་བའི་གནས་ཐང་འཕར་བའི་དཔྱ་ཁྲལ་སྲིད་ཇུས་ལེགས་སྒྲིག་འོས་འཚམ་བྱས་པ་ཙམ་ཡིན་པ་ལས་ཉོ་ཚོང་ཁང་ཕུད་པའི་གསེར་ཕྱིར་ཚོང་སྲིད་ཇུས་ལ་འགྱུར་ལྡོག་བྱུང་མེད། སྤྱི་ཡོངས་ནས་བལྟས་ན། རང་རྒྱལ་གྱིས་གསེར་ཐོན་ལས་ཀྱི་ཁྲལ་བསྡུའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་དེ་རྒྱལ་སྤྱིའི་གསེར་ཁྲོམ་ར་གཙོ་བོའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་ལས་ལེགས་པ་ཡིན།