གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་31ཉིན། 15:45】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཕྲུ་གུས་རྟག་ཏུ་སྟོད་སྒུར་སྒུར་བྱེད་པ་དང་མགོ་བོ་མདུན་དུ་འཁྱོག་བཞིན། ལག་པས་ལུས་དྲོང་པོར་འཐེན་རུང་ཅུང་ཙམ་སོང་རྗེས་སླར་ཡང་སྒུར་སྒུར་བྱེད་བཞིན་གདའ། སྟོད་སྒུར་སྐབས་ངག་ཐོག་ནས་དྲན་སྐུལ་བྱས་པ་ཙམ་གྱིས་མི་ཕན་པར། གཤམ་གྱི་ཆེད་ལས་མཁས་པས་བསླབ་ཁྲིད་གནང་བའི་ལུས་པོ་འགུལ་སྟངས་འདིས་ཁྱེད་ཀྱི་སྒལ་རྒྱབ་ཀྱི་ཤ་གྲིམ་ཞན་གྲས་སྦྱོང་བརྡར་ཡག་པོ་ཡོང་ཐུབ་པས། གཟུགས་བྱད་ཡག་པོ་ཞིག་ཆགས་པར་བྱེད་རྒྱུ་ནི་རྒྱུན་ལྡན་ནས་དོ་སྣང་བྱེད་དགོས།