གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་31ཉིན། 15:33】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

ཟླ་10ཚེས་29ཉིན། ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི“ནང་འདྲེན་འགྲེམས་ཚོགས་ཀྱི་ཆེད་སྤྱོད་ལམ་ཐིག”ཏུ་རླངས་འཁོར་གཏོང་འགོ་ཚུགས་པའི་མཛད་སྒོ་ཧྲང་ཧའེ་རུ་འཚོགས་ཤིང་། “ནང་འདྲེན་འགྲེམས་ཚོགས་ཀྱི་ཆེད་སྤྱོད་ལམ་ཐིག”ཏུ་རླངས་འཁོར་8ལ“ནང་འདྲེན་འགྲེམས་ཚོགས་ཀྱི་ཆེད་སྤྱོད་ལམ་ཐིག”གི་ཚོས་གཞི་སྔོན་པོ་གཙོ་བོར་བྱས་པའི་ཚོན་ཁྲ་ཅན་གྱི་རླངས་འཁོར་གྱི་ཕྱི་དབྱིབས་ཇུས་འགོད་བྱས་ཡོད་ཅིང་། ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི“ནང་འདྲེན་འགྲེམས་ཚོགས་ཀྱི་ཆེད་སྤྱོད་ལམ་ཐིག”ཐོག་རླངས་འཁོར་དེ་ཟླ་11ཚེས་1ཉིན་ནས་ཚེས་30ཉིན་བར་གཏོང་རྒྱུ་རེད། འདི་ནི“ནང་འདྲེན་འགྲེམས་ཚོགས་ཀྱི་ཆེད་སྤྱོད་ལམ་ཐིག”ཏུ་བསྐྱོད་པའི་སྤྱི་སྤྱོད་རླངས་འཁོར་ཡིན་པ།