འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་30ཉིན།

༄༅།།“ལྷོ་ཁོ་རེ་ཡས་ཐེ་རོན་ཕུའུ་ལ་དམིགས་བསལ་གྱི་ལག་རྟགས་ཤིག་སྤྲད་ཡོད།”

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་30ཉིན། 14:53】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཚེས་29ཉིན་ལྷོ་ཁོ་རེ་ཡའི་རླུང་འཕྲིན་ཀུང་སིའི་(KBS)གནས་འཕྲིན་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་འཚམས་འདྲིར་ཕེབས་པའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ལ་ལག་རྟགས་འགའ་གྲ་སྒྲིག་བྱས་པའི་ནང་ཤིན་ལུའོ་གསེར་མདོག་གི་རྒྱལ་པོའི་ཅོད་པན་གྱི་འདྲ་བཟོ་ཞིག་ཚུད་ཡོད་པ་རེད།

     དེ་གོང་གནས་འཕྲིན་སྤེལ་བར་གཞིགས་ན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་(APEC)འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པ་ལྷོ་ཁོ་རེ་ཡའི་ཆིང་ཀྲོའུ་རུ་འཚོག་རྒྱུ་ཡིན་པ་དང་། ཚེས་29ཉིན་ཐེ་རོན་ཕུའུ་ཡིས་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་དང་ཆིང་ཀྲོའུ་རུ་ཐུག་འཕྲད་བྱས་པ་རེད།

     གནས་འཕྲིན་སྤེལ་བར་གཞིགས་ན། གསེར་མདོག་གི་རྒྱལ་པོའི་ཅོད་པན་འདྲ་བཟོ་དེའི་མ་དཔེ་ནི་ལྷོ་ཁོ་རེ་ཡའི་ཆིང་ཀྲོའུ་ནས་ཐོན་པའི་ཤིན་ལུའོ་རྒྱལ་རབས་ཀྱི་གསེར་མདོག་གི་རྒྱལ་པོའི་ཅོད་པན་ཡིན་པ་དང་། རྒྱལ་པོའི་ཅོད་པན་གྱི་རྩེ་མོར་རྒྱ་ཡིག་“出”དང་འདྲ་བའི་དབྱིབས་དང“ཤྭ་རྭ་དབྱིབས་”གྱི་རྒྱན་སྤྲས་ཡོད་པ་དང་མིག་སྔར་ལྷོ་ཁོ་རེ་ཡའི་རྒྱལ་བཙུགས་ཆིང་ཀྲོའུ་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པ་རེད།