གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་30ཉིན། 14:36】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མིག་སྔར། ཡིའུ་རིགས་ཀྱི་ཤིང་ཏོག་འབོར་ཆེན་ཁྲོམ་རར་འདོན་བཞིན་ཡོད་པ་དང་། བྲོ་ལྡན་དྲི་ཞིམ་གྱི་ཤིང་ཏོག་ཤིས་ཡིའུ་ (རྒུན་འབྲུམ་ཡིའུ་ཡང་ཟེར) ནི་རྒན་རྒོན་དང་བྱིས་པ་ཚང་མ་ཟ་རྒྱུར་དགའ།
འོན་ཀྱང་མཉམ་འཇོག་བྱེད་དགོས་ས་ནི། སྨན་འགའ་ཤས་བསྟེན་རྗེས་དུས་མཉམ་དུ་ཤིས་ཡིའུ་ཟོས་ན། སྨན་ནུས་ཚོད་འཛིན་མི་ཐུབ་པར་མ་ཟད། ཐ་ན་བདེ་ཐང་ལ་ཉེན་ཁ་འབྱུང་སྲིད།
སྨན་གང་དག་ལ་ཤིས་ཡིའུ་ཡི་ཤུགས་རྐྱེན་ཐེབས་སྲིད།
ཤིས་ཡིའུ་ཡི་ནང་དུ་ཧྥུ་རན་སྲན་ཞིམ་རྒྱུ་ཟེར་བའི་གྲུབ་ཆ་ཞིག་འདུས་ཡོད། དེས་མཆིན་པའི་ནང་གི་CYP3A4རྩབས་ཀྱི་གྲུང་གཤིས་ཚོད་འཛིན་བྱེད་ངེས། ང་ཚོས་བསྟེན་པའི་སྨན་རྫས་མང་པོ་ཞིག་རྩབས་དེ་རིགས་ལ་བརྟེན་ནས་བརྗེ་ཚབ་དབྱེ་འབྱེད་བྱེད་དགོས། རྩབས་ཚོད་འགོག་བྱས་རྗེས། སྨན་རྫས་རྒྱུན་ལྡན་དུ་འཇུ་མི་ཐུབ་པས། ཁྲག་ནང་དུ་ཇེ་མང་དུ་གསོག་སྲིད། དེ་ནི་སྨན་ཚད་ལས་བརྒལ་བ་དང་མཚུངས། ཞོར་སྐྱོན་གྱི་ཉེན་ཁ་རང་ཤུགས་སུ་ཇེ་ཆེར་འགྲོ་སྲིད།
ཉིན་རེར་ཁྲག་ཤེད་དམའ་རུ་གཏོང་བའི་སྨན་བསྟེན་དགོས་པ་དཔེར་བཞག་ན། ཤིས་ཡུའུ་ཟོས་ན་ཁྲག་ཤེད་དམའ་རུ་གཏོང་བའི་སྨན་གྱི་སྨན་ཚད་མང་དུ་ཕྱིན་ནས་ཁྲག་ཤེད་དམའ་བ་འབྱུང་སླ་བ་དང་། ཡང་ན་མགོ་ཡུ་འཁོར་ནས་སེམས་འཚབ་ནས་ཐང་ཆད་པ། ཚབས་ཆེ་ན་མགོ་ཡུ་འཁོར་བ་དང་ཐ་ན་དྲན་པ་ཤོར་སྲིད།
དེ་འདྲ་ཡིན་པའི་དབང་གིས། ཁྲག་ཤེད་གཅོག་པའི་སྨན་མང་པོ་ཞིག་གི་གསལ་བཤད་ཡི་གེའི་སྟེང་དུ་སྨན་བསྟེན་པའི་སྐབས་སུ་ཤིས་ཡིའུ་ཟ་བའམ་ཡང་ན་ཤིས་ཡིའུ་ཁུ་བ་འཐུང་མི་ཆོག་ཅེས་བཀོད་ཡོད།
ཤིས་ཡིའུ་ཡི་ཤུགས་རྐྱེན་ཐེབས་སྲིད་པ་ནི་ཁྲག་ཤེད་ཇེ་དམའ་རུ་གཏོང་བའི་སྨན་ཙམ་མིན། CYP3A4རྩབས་ནི་སྨན་རྫས་མང་པོ་ཞིག་གི་བརྗེ་ཚབ་ལ་ཡོད། རྒྱུན་དུ་མཐོང་བའི་དུག་སྲིན་འགོག་སྨན་དང་ན་ཟུག་འཇོག་པའི་སྨན་ཕུད། ད་དུང་དམིགས་བསལ་གྱི་ནད་པས་བསྟེན་པའི་གཉིད་སྨན་དང་འབྲས་སྐྲན་འགོག་པའི་སྨན་སོགས་ཡོད།
མིག་སྔར་ཤེས་གསལ་ལྟར་ན། སྨན་རྫས་རིགས་85ལྷག་ཙམ་ལ་ཤིས་ཡིའུ་ཡི་ཤུགས་རྐྱེན་ཐེབས་སྲིད་པ་མ་ཟད། དེའི་ནང་གི་ཕྱེད་ཀ་ཙམ་གྱིས་མི་ལེགས་པའི་འགྱུར་འབྱུང་ཚབས་ཆེན་ཐོན་སྲིད།
གསལ་ཐོ་ཆ་ཚང་མིན་པས། སྨན་བསྟེན་སྐབས་ཤིས་ཡུའུ་ཟ་མི་རུང་བར་ཡིད་འཇོག་བྱེད་དགོས།
སྨན་བསྟེན་རྗེས། ནམ་ཞིག་ལ་ཤིས་ཡིའུ་ཟ་ཆོག
■ སྨན་བསྟེན་ནས་ཆུ་ཚོད་ཁ་ཤས་འགོར་རྗེས། ཤིས་ཡིའུ་ཟ་ཆོག་གམ།
ཆུ་ཚོད་འགའ་འགོར་རྗེས་ཟོས་ན་མི་མངོན་པའི་ཉེན་ཁ་ཇེ་ཆུང་དུ་འགྱུར་མི་སྲིད། ཚད་ལྡན་ཡིག་ཆ་ལས་མངོན་པ་ལྟར་ན། ཤིས་ཡུའུ་ཟ་བའམ་ཡང་ན་ཤིས་ཡུའུ་ཁུ་བ་འཐུང་རྗེས། རྩབས་ཀྱི་གྲུང་གཤིས་ཆུ་ཚོད་72ལ་གཞི་ནས་སླར་གསོ་བྱེད་ཐུབ།
དེའི་ཕྱིར། སྨན་བསྟེན་སྐབས་ཤིས་ཡིའུ་ཟ་མི་རུང་བ་མ་ཟད། གལ་ཏེ་ཤིས་ཡིའུ་ཡིས་ཁྱོད་ཀྱིས་བསྟེན་བཞིན་པའི་སྨན་ལ་ཤུགས་རྐྱེན་བཟོ་ངེས་ན། སྨན་བསྟེན་པའི་དུས་ཡུན་ཧྲིལ་པོར་ཤིས་ཡིའུ་ཟ་མི་རུང་། དངོས་གནས་ཟ་འདོད་ན། ཉིན་གསུམ་ཡན་གྱི་དུས་ཚོད་བཞག་ན་བཟང་།
■ ཤིས་ཡིའུ་ཡི་བྲོ་བ་ཡོད་པའི་འཐུང་བྱ་དང་། སིལ་འདག ཞོ་སོགས་འཐུང་ཆོག་གམ།
ཤིས་ཡུའི་བསྲེས་པའམ་ཡང་ན་ཁུ་བ་འདུས་ཡོད་ན། ཚང་མར་ཕན་ཚུན་ནུས་པ་ཐོན་སྲིད་པས། ལས་སྣོན་གྱིས་ཤུགས་རྐྱེན་མེད་པར་བཟོ་ཐུབ་པའི་ངེས་པ་མེད།