གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་30ཉིན། 14:34】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཟུར་པ་བསྟན་འཛིན་(ཐིང་རིམ་གཞོན་པ་)ལ་ལྐོག་བླངས་ལེན་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་བྱས་པ་རེད། ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པའི་དོགས་གཞི་ཡོད་པའི་ཐོག་ནས། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བསྟན་འཛིན་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་ཐག་གཅོད་སྔར་ལྷག་བྱེད་བཞིན་ཡོད།