འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་29ཉིན།

༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་2025ལོའི་ལྷུན་རྩེ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་དང་
ཡུལ་ལྷོ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུགས་དངུལ་འདྲེན་ངོ་སྤྲོད་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་29ཉིན། 14:36】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་2025ལོའི་ལྷུན་རྩེ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་དང་ཡུལ་ལྷོ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུགས་དངུལ་འདྲེན་ངོ་སྤྲོད་ཚོགས་འདུ་འཚོགས་ནས་མཉམ་དུ་འཕེལ་རྒྱས་ཀྱི་ཇུས་ཆེན་འགོད་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གླེང་བའི་ངོ་སྤྲོད་ཚོགས་འདུའི་ཐོག་རིག་གནས་ཡུལ་སྐོར་གྱི་དྲིལ་བསྒྲགས་བརྙན་འཕྲིན་པར་རིས་《འདི་ནི་ལྷུན་རྩེ་རེད་》ཅེས་པ་བསྟན་པ་དང་། ཉེ་བའི་ལོ་ཤས་རིང་། ལྷུན་རྩེ་རྫོང་གིས་ཡུལ་སྨད་ཀྲ་རི་རང་བྱུང་ཁོར་ཡུག་རྒྱལ་ཁབ་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ་དང་རང་སྐྱོང་ལྗོངས་རིམ་པའི་ཡུལ་སྐོར་གྲགས་ཅན་རྫོང་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས་རི་བོ་མཐོང་ཐུབ་པ་དང་། ཆུ་བོ་མཐོང་ཐུབ་པ། གསར་བརྗེའི་གཏམ་རྒྱུད་བློ་ལ་ངེས་པ་བཅས་ཀྱི་ལྷུན་རྩེའི་བག་ཆགས་བཟང་པོ་ཞིག་ཆགས་པར་བྱས་ཡོད།

     འོས་སྦྱོར་ཚོགས་འདུའི་ཐོག་འགྲེམས་སྟོན་བྱས་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་། སན་ལིན་ཤིང་ཏོག་ཨ་རག་རིགས་ཁག ཤ་དཀར་ཀླུ་སྨན། ནས་ནག་ཐོན་རྫས། ཀྲ་རི་བོད་ཀྱི་ཨ་རག་རིགས་ཁག ནས་ནག་རྩམ་པ་སོགས་ཀྱི་ཐོན་རྫས་ལ་དོ་ཁུར་ཆེན་པོ་བྱེད་མཁན་བྱུང་བ་དང་ཚང་མས་འོས་སྦྱོར་མི་སྣར་དྲི་བ་མང་པོ་འདོན་བཞིན་ཡོད།

     འོས་སྦྱོར་ཚོགས་འདུར་ཞུགས་མཁན་ཐང་ཝུན་ཅོན་གྱིས། “དེ་རིང་ལྷུན་རྩེའི་ཚོང་འགུགས་འོས་སྦྱོར་ཚོགས་འདུར་ཞུགས་པར་ཕན་པ་ཆེན་པོ་ཐོབ་བྱུང་། རང་ཉིད་ཀྱི་དགོས་འདོད་ཐོན་རྫས་ནས་ནག་དང་། བོད་བྱ་ནག་པོ། བོད་ཕག་བཅས་འདི་ནས་རྙེད་བྱུང་ལ། ནས་ནག་གིས་བཟོས་པའི་སྐྱུར་ཁུ་ཡང་ཡོད་པ་ཤེས་བྱུང་། ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུའི་ཐོག་གྲུབ་འབྲས་ཆེན་པོ་ཐོབ་བྱུང་། ང་ཚོས་ལྷུན་རྩེ་རྫོང་གི་ཁྱད་ལྡན་ཐོན་རྫས་ས་མཐོ་ནས་ཐོན་སྐྱེད་བྱེད་རྒྱུར་རོགས་རམ་བྱས་ཏེ་མི་སྔར་ལས་མང་བས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ཡིན་”ཞེས་བཤད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་ཁེ་ལས་དང་ཡུལ་སྐོར་ལས་དོན་ཁང་19དང་གྲོས་མཐུན་བཞག་པ་དང་གྲོས་མཐུན་གྱི་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་1.3ཟིན་ཡོད་པ་རེད།