གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་28ཉིན། 14:38】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཉེ་དུས། གཞིས་ཀ་རྩེ་བསམ་གྲུབ་རྩེ་ཆུས་ཀྱིས་རྒྱན་འཛུགས་གྱོད་གཞི་ཁག་3ཞིབ་བཤེར་ཐག་གཅོད་བྱས་ནས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་16འཛིན་བཟུང་བྱས་ཡོད།

གྱོད་དཔེ་དང་པོ། གཞིས་ཀ་རྩེ་གྲོང་ཁྱེར་གྲོང་ལྷོ་མངགས་གཏོང་ཁང་ལ་དམངས་སྤྱོད་མཁའ་འགྲུལ་ཐོག་ཁང་དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱིས་རྒྱན་འཛུགས་གྱོད་གཞིའི་ཁུངས་སྣེ་ཞིག་ཞུས་པ་ལྟར་ན། ས་ཚིགས་འདིའི་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཁང་པ་ཞིག་ཏུ་མི་མང་པོ་མཉམ་རུབ་བྱས་ནས་རྒྱན་འཛུགས་བྱེད་པའི་དོགས་པ་ཡོད་པ་ཞུས། ཁུངས་སྣེ་ཤེས་རྟོགས་བྱུང་རྗེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་མར་དབྱེ་ཞིབ་དང་བརྡར་གཅོད་བྱས་ཏེ། འཕྲལ་མར་ཡུལ་དངོས་སུ་བསྐྱོད་དེ་བྱ་སྤྱོད་སྤེལ་ནས་མཱ་ཅང་རྒྱན་འཛུགས་བྱེད་མཁན་གྱི་ལེ་ཆེ་གེ་མོ་སོགས་མི་4བཟུང་། འདྲི་ཞིབ་བརྒྱུད་ཁོང་ཚོས་རྒྱན་འཛུགས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྦ་གསང་མེད་པར་ཁས་ལེན་བྱས་ཡོད།
མིག་སྔར་ལེ་ཆེ་གེ་མོ་སོགས་མི་4པོ་ལ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱས་ཡོད།

གྱོད་དཔེ་གཉིས་པ།
གྲོང་ནུབ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་བཀོད་འདོམས་ལྟེ་གནས་ཀྱིས་ས་ཚིགས་དེའི་ཁོངས་གཏོགས་ཁུལ་གྱི་ཇ་ཁང་ཞིག་ཏུ་རྒྱན་འཛུགས་བྱེད་པའི་དོགས་པ་ཡོད་པའི་བཀའ་བཀོད་འབྱོར་རྗེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་མྱུར་དུ་ཇ་ཁང་དེར་ཞིབ་བཤེར་བྱས་པ་དང་། ཡུལ་དངོས་དེར་རྒྱན་འཛུགས་ནང་ཞུགས་བཞིན་པའི་ལོ་ཆེ་གེ་མོ་སོགས་མི་4འཛིན་བཟུང་བྱས། དཔང་རྟགས་ཁུངས་བཙན་གྱི་མདུན་དུ་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་མི་4པོས་རྒྱན་འཛུགས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྦ་གསང་མེད་པར་ཁས་ལེན་བྱས་པ་རེད།
མིག་སྔར་ལོ་ཆེ་གེ་མོ་སོགས་མི་4པོར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱས་ཡོད།

གྱོད་དཔེ་གསུམ་པ།
གྲོང་ཤར་མངགས་གཏོང་ཁང་ལ་ཕུན་མཆོག་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་རྒྱན་འཛུགས་གྱོད་གཞིའི་ཁུངས་སྣེ་ཞིག་རྩིས་སྤྲོད་བྱས་པ་ལྟར་ན། ས་ཚིགས་འདིའི་ཁོངས་གཏོགས་ཁུལ་གྱི་འགྲུལ་ཁང་ཞིག་ནང་མི་མང་པོ་མཉམ་རུབ་བྱས་ནས་རྒྱན་འཛུགས་བྱེད་དོགས་ཡོད་པ་ཞུས། ཉེན་བརྡ་འབྱོར་རྗེས་གྲོང་ཤར་མངགས་གཏོང་ཁང་གིས་མྱུར་དུ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་མྱུལ་ཞིབ་བྱས་པ་དང་རྒྱན་འཛུགས་ཀྱི་གནས་གཞི་གཏན་འཁེལ་བྱས་ནས། ཡུལ་དངོས་དེ་གར་རྒྱན་འཛུགས་བྱེད་མཁན་ཀྲེན་ཆེ་གེ་མོ་སོགས་མི་8འཛིན་བཟུང་བྱས། འདྲི་རྩད་བྱས་པ་བརྒྱུད་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་8པོས་རྒྱན་འཛུགས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྦ་གསང་མེད་པར་ཁས་ལེན་བྱས་པ་རེད།
མིག་སྔར་ཀྲེན་ཆེ་གེ་མོ་སོགས་མི་8པོར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱས་ཡོད།