འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་26ཉིན།

༄༅།།“མེས་རྒྱལ་ལ་སྙན་ཞུ་འབུལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྩོམ་རིག་གྲུབ་འབྲས་འགྲེམས་སྟོན་”པེ་ཅིང་དུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་26ཉིན། 14:48】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་དེང་རབས་རྩོམ་རིག་ཁང་དང་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་“མེས་རྒྱལ་ལ་སྙན་ཞུ་འབུལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྩོམ་རིག་གྲུབ་འབྲས་འགྲེམས་སྟོན་”པེ་ཅིང་དུ་འགོ་ཚུགས་པ་རེད།

     ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཏང་ཙུའི་ཧྲུའུ་ཅི་ཀྲང་ཧུང་སེན་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་གསུངས་པ་རེད། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བས་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཀྲུང་གོ་དེང་རབས་རྩོམ་རིག་ཁང་ལ་དཔེ་དེབ་ཞལ་འདེབས་ཕུལ་བ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ནང་རྩོམ་རིག་བརྩམས་ཆོས་300ཙམ་ཞུགས་པ་དང་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོ་དེང་རབས་རྩོམ་རིག་ཁང་ལ་《བོད་ཀྱི་རྩོམ་རིག་གཅེས་བཏུས་ཕྱོགས་བསྒྲིགས་》སོགས་རྩོམ་རིག་སྐོར་གྱི་དཔེ་ཚོགས་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་འབྲེལ་ཡོད་དཔེ་དེབ་སོགས་ཞལ་འདེབས་བརྒྱབ་ཅིང་།