རྒྱལ་ཡོངས་ཀྱི་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་གསུམ་པ་འགོ་ཚུགས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་25ཉིན། 15:02】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་ཀྲེང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། “རྩལ་ནུས་འདོན། མདུན་ལམ་གསལ་”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཡོངས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་གསུམ་པ་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་རུ་འགོ་ཚུགས་པ་རེད། བོད་ལྗོངས་ཀྱི་བདམས་ཐོན་པ་31འགྲན་བསྡུར་རྣམ་གྲངས་ཁག་29ཡི་ནང་ཞུགས་པ་དང་འབྲེལ། ཤན་འབྱེད་པ་28ཀྱིས་འགྲན་བསྡུར་ཆེན་པོའི་ཤན་འབྱེད་ཀྱི་འགན་འཁུར་ཡོད།
ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོའི་དུས་ཡུན་ཉིན་ལྔ་ཡིན་ཞིང་། འགྲན་བསྡུར་རྣམ་གྲངས་ཁག་106བཀོད་སྒྲིག་བྱས་པའི་ནང་འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་པོའི་གདམ་གསེས་རྣམ་གྲངས་ཁག་66དང་རྒྱལ་ཡོངས་འགྲན་བསྡུར་གྱི་གདམ་གསེས་རྣམ་གྲངས་ཁག་40ཚུད་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར།)ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། དེ་བཞིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་སོགས་ལས་རིགས་སྡེ་ཚན་གྱིས་བཙུགས་པའི་འཐུས་མི་ཚོགས་པ་35དང་། བདམས་ཐོན་པ་ཁྱོན་3420 ཤན་འབྱེད་པ་3275བཅས་སྐབས་འདིའི་འགྲན་བསྡུར་ཆེན་པོར་ཞུགས་ཡོད་པ་རེད།