འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་17ཉིན།

༄༅།།རིག་གནས་འགྲེམས་སྟོན་སྤེལ་རེས་ལ་ལྟད་མོ་བས་ཁེངས་པ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་17ཉིན། 14:08】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     སི་རི་ལན་ཁའི་རིན་ཆེན་རྡོ་རིགས་དང་། དབྱི་རན་གྱི་ཁ་ཆེ་ཤ་སྐམ། རུ་ཝང་ཏའི་ཀོག་ཧྥེ། ཕེ་རུའི་ལུག་རྔ་མོང་གི་ཨ་ལད་པད་གོག མ་ལིའི་ལག་ཤེས་བཟོས་རྫས་སོགས་ཞབས་ཞུའི་ཚོང་འདུས་ཀྱི་རིག་གནས་ཡུལ་སྐོར་ཞབས་ཞུའི་ཆེད་དོན་འགྲེམས་ཁུལ་དུ་གཉེར་བའི“བཀྲག་མདངས་འཚེར་བའི་འཛམ་གླིང”གི་རིག་གནས་འགྲེམས་སྟོན་སྤེལ་རེས་བྱེད་སྒོའི་ཐོག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་20ཡི་ཀྲུང་གོར་བཅའ་སྡོད་་གཞུང་ཚབ་ཁང་གི་འགྲེམས་གནས་ཀྱིས་ལྟད་མོ་བར་རྒྱལ་ཁབ་ཁག་གི་ཁྱད་ལྡན་རིག་གནས་དང་ས་ཁོངས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།

     རུ་ཝང་ཏའི་འགྲེམས་སྟེགས་སུ་སྐྱོད་སྐབས་འགྲེམས་ཞུགས་ཚོང་པ་ཅི་མུའུ་ལིན་ཏ་ཡིས་སེམས་རྩ་འཁོལ་པོས་ལྟད་མོ་བར་ཀོག་ཧྥེ་དང་། ཇ་ལོ། ལག་ཤེས་བཟོས་རྫས་སོགས་ངོ་སྤྲོད་བྱེད་བཞིན་འདུག ཁོང་གིས“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོ་དང་ཀྲུང་གོའི་སྒོ་ཁྲལ་མི་བསྡུ་བའི་སྲིད་ཇུས་ལས་ང་ཚོའི་ཀོག་ཧྥེ་ཀྲུང་གོའི་ཁྲོམ་རར་མགྱོགས་མྱུར་འདོན་ཐུབ་བྱུང”ཞེས་བཤད་པ་དང་། ཁོང་གིས་ད་དུང་གསར་འགོད་པར་རུ་ཝང་ཏའི་སྐྱེ་ཁམས་ཡུལ་སྐོར་འོས་སྦྱོར་བྱས་ཏེ་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བས་ས་གནས་དེ་གའི་རང་བྱུང་མཛེས་ལྗོངས་་ཉམས་སུ་མྱོང་བར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།

     ཝུ་ཀན་ཏའི་འགྲེམས་སྟེགས་ཐོག་རྡོ་བརྐོས་དང་ཤིང་ཤུན་རི་མོ་སོགས་ཁྱད་ལྡན་ཐོན་རྫས་ལས་ས་གནས་དེ་གའི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་མཛེས་པ་མངོན། འགྲེམས་ཞུགས་ཚོང་པ་མུའུ་ཅི་ས·གཡོད་སེ་ཧྥུའུ་ཡིས“ཞབས་ཞུའི་ཚོང་འདུས་ནི་གོ་ལ་ཧྲིལ་པོའི་ཚོང་དོན་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཀྲུང་གོའི་ཚོང་དོན་མཉམ་ལས་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་ནས་ཨ་ཧྥེ་རི་ཁའི་ཐོན་རྫས་དེ་བས་སྟབས་བདེའི་ངང་ཀྲུང་གོའི་ཁྲོམ་རར་འདོན་བཞིན་ཡོད”ཅེས་བཤད།

     ཉིན་ཤས་རིང“བཀྲག་མདངས་འཚེར་བའི་འཛམ་གླིང”གི་རིག་གནས་འགྲེམས་སྟོན་སྤེལ་རེས་བྱེད་སྒོར་ལྟ་མཁན་ཧ་ཅང་མང་པོ་ཡོད་པས། རིག་གནས་དང་ཡུལ་སྐོར་ཞབས་ཞུའི་ཆེད་དོན་འགྲེམས་ཁུལ་ཧྲིལ་པོའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད། སྨི་ངོས་གྲུ་ཁྲི་1.11ཟིན་པའི་འགྲེམས་ཁུལ་དུ་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་400ལྷག་ཙམ་ཡོད་པའི་ནང་འཛམ་གླིང་གི་ཁེ་ལས་རྩེ་གྲ་500ནང་གི་ཁེ་ལས་83དང་དེ་བཞིན་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་སོགས་ཡོད། འགྲེམས་ཁུལ་དུ“ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་དང་གསར་གཏོད་ཀྱིས་ཁྲིད་སྟོན་བྱེད་པ”བརྗོད་དོན་གཙོ་བོར་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། རིག་གནས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ། རིག་གནས་དང་། ཚོང་པ། ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས། རིག་གནས་ཐོན་རྫས་ཕྱི་རྒྱལ་དུ་འགྲེམས་སྤེལ་སྤེལ་རེས་བཅས་གླིང་ཆེན་པོ་བཞི་བཀོད་སྒྲིག་བྱས་ཡོད།

     འཇོར་ཇི་ཡའི་འགྲེམས་ཞུགས་ཚོང་པ་ལེ་ཝུན·ཐ་ཝ་ཙེ་ཡིས“ཞབས་ཞུའི་ཚོང་འདུས་ནི་རྒྱལ་ཁབ་ཁག་གིས་སྣ་མང་རིག་གནས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་འགྲེམས་སྟོན་བྱེད་པའི་ལས་སྟེགས་ཤིག་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་གལ་ཆེན་ཞིག་ཀྱང་རེད”ཅེས་བཤད། ཚན་རྩལ་དང་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་ཧ་ཅང་ཆེན་པོ་ལྡན་པའི་ཚོགས་འདུ་གཟབ་རྒྱས་འདིའི་ཐོག རྒྱལ་ཁབ་ཁག་གི་ཞུགས་མཁན་ཚོས་སྒོ་དབྱེ་མཉམ་ལས་ཀྱི་སྟོབས་ཤུགས་ལ་མཉམ་དུ་བདེན་དཔང་བྱས་པ་དང་། ལག་གདང་སྦྲེལ་ནས“བདག་མཛེས་བདག་གིས་ཤེས་བྱ་ཞིང་། མཛེས་ཀུན་གཅིག་ཏུ་འདུས་པར་བྱེད”པའི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་གྱི་རྣམ་པ་གསར་པ་བཏོད་ཡོད།