གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་17ཉིན། 13:52】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཀན་ཡུས་ཀྱིས། ཟླ་9ཚེས་16ཉིན། ཧྥི་ལི་ཕིན་གྱིས་གཞུང་དོན་གྲུ་གཟིངས་10ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཕྱོགས་མི་འདྲ་བ་ནས་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་མཚོ་ཐོག་ཏུ་ཁྲིམས་འགལ་ངང་འཛུལ་བ་དང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་ལྟར་ཧྥི་ལི་ཕིན་གྱི་གྲུ་གཟིངས་ལ་སྐད་འབོད་ཐ་ཚིག་སྒྲོག་པ་དང་། འགྲུལ་ལམ་དོ་དམ། ཆུ་མདེལ་གཏོང་བ་སོགས་ཀྱི་དོ་དམ་བྱ་ཐབས་སྤྱད་ཡོད། ཆུ་ཚོད་10པ་ཙམ་ལ། ཧྥི་ལི་ཕིན་གྱི་གཞུང་ལས་གྲུ་གཟིངས་3014ཡིས་ཀྲུང་གོ་ཕྱོགས་ཀྱིས་ཐེངས་མང་པོར་ཐ་ཚིག་སྒྲོག་པ་དེར་སྣང་ཆུང་བྱས་ནས། ཆེད་ལས་མིན་པ་དང་། ཉེན་ཁ་ཆེ་བའི་རྣམ་པའི་ཐོག་ནས་རྐང་བཙུགས་ཏེ་ཀྲུང་གོ་ཕྱོགས་ཀྱིས་རྒྱུན་གཏན་ཁྲིམས་བསྟར་མཚོ་ཐོག་ཉེན་རྟོག་གྲུ་གཟིངས་ལ་རྡུང་ཁ་བརྒྱབ་ཡོད། ཧྥི་ལི་ཕིན་ཕྱོགས་ཀྱིས་རྐང་བཙུགས་ཏེ་དབང་འགལ་ངང་འཁྲུག་རྐྱེན་བསླངས་པའི་བྱ་སྤྱོད་ཀྱི་ངོ་བོ་ཐ་ཤལ་ཡིན་པ་དང་། རྡུང་ཁ་བརྒྱབ་པའི་འགན་ཡོངས་རྫོགས་ཧྥི་ལི་ཕིན་ཕྱོགས་ལ་ཡོད་ཞེས་བཤད་ཡོད་པ་རེད།