འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་16ཉིན།

༄༅།།ཕྱི་འབྲེལ་པུས། ཁོ་རེ་ཡ་ལྷོ་མའི་ཕྱི་འབྲེལ་པུའུ་ཀྲང་ཀྲའོ་ཤན་གྱིས་ཟླ་9ཚེས་17ཉིན་ཀྲུང་གོར་འཚམས་འདྲི་བྱ་རྒྱུ་ཡིན་པ་བསྟན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་16ཉིན། 13:54】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་ཚེས་15ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།

     གསར་འགོད་པ་ཞིག་གིས། ཁོ་རེ་ཡ་ལྷོ་མའི་སྨྱན་སྦྱོར་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཁོ་རེ་ཡ་ལྷོ་མའི་ཕྱི་འབྲེལ་པུའུ་ཀྲང་ཀྲའོ་ཤན་གཟའ་འཁོར་འདིར་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་དང་ཕྱི་འབྲེལ་པུའུ་ཡིས་གནས་ཚུལ་དེ་བདེན་དཔང་བྱེད་ཐུབ་བམ་ཞེས་དྲིས།

     ལིན་ཅན་གྱིས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་གདན་ཞུས་ལྟར། ཁོ་རེ་ཡ་ལྷོ་མའི་ཕྱི་འབྲེལ་པུའུ་ཀྲང་ཀྲའོ་ཤན་ཟླ་9ཚེས་17ཉིན་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུ་རེད་ཅེས་བཤད་ཡོད་པ་རེད།