འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་16ཉིན།

༄༅།།གསར་རྙེད་གལ་ཆེན། ད་ཆ་རང་རྒྱལ་གྱིས་ཤེས་རྟོགས་བྱུང་བའི་སྔར་གནས་མཚོ་ངོས་ལས་མཐོ་ཤོས་ཀྱི་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་16ཉིན། 13:46】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཉེ་ཆར་གནའ་རྫས་རྟོག་ཞིབ་མི་སྣས་མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཤང་གྲོ་རེངས་གྲོང་ཚོར། མཚོ་སྐྱ་རེངས་ཀྱི་ཤར་ངོགས་ཀྱི་གར་ཐང་གི་རི་ལྡེབས་ཨང་གཉིས་པའི་གཡོན་ཕྱོགས་སུ་རྡོ་བརྐོས་གལ་ཆེན་ཞིག་རྙེད་པ་དང་། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མྱུར་དུ་རྡོ་རྐོས་རིག་དངོས་སྲུང་སྐྱོང་དང་། ཆིན་ཧན་རྒྱལ་རབས་ཀྱི་གནའ་རྫས་རྟོག་ཞིབ། གནའ་ཡིག་རིག་པ། ཡིག་གཟུགས་དང་བརྐོས་རིས་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ནས་བརྟག་ཞིབ་བྱས་པ་བརྒྱུད། རྡོ་རྐོས་དེ་ཆིན་རྒྱལ་རབས་ཀྱི་རྡོ་རྐོས་ཡིན་པ་དང་མིང་ལ་“གར་ཐང་ཆིན་རྒྱལ་དུས་ཀྱི་རྡོ་རྐོས་”ཞེས་བཏགས། དེ་ནི་ད་ཆ་རང་རྒྱལ་གྱིས་ཤེས་རྟོགས་བྱུང་བའི་སྔར་གནས་མཚོ་ངོས་ལས་མཐོ་ཤོས་ཆིན་རྒྱལ་རབས་དུས་ཀྱི་རྡོ་རྐོས་གཅིག་པུ་དེ་ཡིན་པ་དང་། ཆུ་འགོར་གནས་པ་དང་ལོ་རྒྱུས་ཀྱི་ཁ་གསབ་ཡིན་པས་དོན་སྙིང་ཆེན་པོ་ཡོད་པ་རེད།