འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་15ཉིན།

2017ལོ་ནས་2030ལོ་བར་ཡོ་སྒོར་དུང་ཕྱུར་3.9ཙམ་གྱི་ཆེད་དངུལ་བཏང་ནས་རྐང་འཁོར་ལམ་བསྐྲུན་པ།

༄༅།།འཇར་མན་གྱིས་ལོ་ལྔའི་རྗེས“རྐང་འཁོར་རྒྱལ་ཁབ”ཏུ་འགྱུར་རྒྱུའི་འཆར་གཞི་བཏིང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་15ཉིན། 15:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཉེ་ཆར། འཇར་མན་གྱི་རྐང་འཁོར་སྤྲོ་སྐྱིད་ཁང་གིས་2024ལོ་འཁོར་གྱི་འཇར་མན་གྱི“རྐང་འཁོར་གྱི་འཕེལ་ཕྱོགས་ཚོད་ལྟའི”བརྟག་དཔྱད་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་། ཡ་ཁྲེན་གྲོང་ཁྱེར་གྱིས་མི་གཤིས་ཅན་གྱི་འགྲིམ་འགྲུལ་བཀོད་སྒྲིག་དང་། རྐང་འཁོར་བདེ་འཇགས་འགན་ལེན། སྤྱི་དམངས་ལམ་སྲོལ་གསར་གཏོད་ནང་ཞུགས་པ་བཅས་ལ་བརྟེན་ནས“འགྲིམ་འགྲུལ་མཉམ་འདྲེས”ཀྱི་དམིགས་བསལ་བྱ་དགའ་ཐོབ་པ་དང་ཨེར་ལན་ཀེན་དང་ཧྥ་ལན་ཁེ་ཧྥུ་སོ་སོར་མི་འབོར་གཞི་ཁྱོན་མི་འདྲ་བའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད།

     འཇར་མན་གྱི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་འབྲེལ་ཡོད་སྔོན་རྩིས་ལ་གཞིགས་ན། 2017ལོ་ནས་2030ལོའི་བར་འཇར་མན་གྱིས་ཡོ་སྒོར་དུང་ཕྱུར་3.9ཙམ་གྱི་ཆེད་དངུལ་བཏང་ནས་སྤྱི་ལེ་5ནས་30བར་གྱི་བར་ཐག་འབྲིང་རིང་གི་བདེ་བགྲོད་རྐང་འཁོར་ལམ་གཙོ་གནད་དུ་བསྐྲུན་རྒྱུ་དང་དེའི་ནང་གི་མ་དངུལ་80%ནི་སྲིད་གཞུང་གིས་སྤྱི་འདོམས་གཏོང་སྤྲོད་བྱས་ཡོད། རྐང་འཁོར་ལམ་དེ་རིགས་ལ་འགྲིམ་འགྲུལ་གློག་སྒྲོན་མེད་པ་དང་ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་20ནས་30བར་ཡིན་པ་རེད། བསྐྲུན་ཟིན་པའི་ལུའར་ཆུས་ཀྱི་ལམ་ཐིག་RS1གི་དུས་ཐེངས་དང་པོའི་ལམ་དུམ་དེས་སྨིར་ཧའེ་མུའུ་ནས་ཨའེ་སེན་བར་གྱི་བདེ་བགྲོད་དུས་ཚོད་30%ནས་40%བར་ཇེ་ཐུང་དུ་ཕྱིན་ནས་“རྐང་འཁོར་གྱི་མྱུར་བགྲོད་ལམ་”གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། འདི་ལོའི་ཟླ་3པར། འཇར་མན་གྱི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས《འགྲོ་ལམ་འགྲིམ་འགྲུལ་ཁྲིམས་སྲོལ》བཟོ་བཅོས་འཆར་ཟིན་བཅུ་གཉིས་པར་གྲོས་འཆམ་བྱུང་ཞིང་། དེའི་ནང་གི་རྐང་འཁོར་ལམ་གྱི་ཞིབ་མཆན་བརྒྱུད་རིམ་ཉུང་དུ་གཏོང་བ་དང་“མྱུར་ཚད་དལ་བའི་རྐང་འཁོར་ཁྲོམ་གཞུང་”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་སོགས་ཚུད་ཡོད་ཅིང་། ལམ་ལུགས་ཀྱི་རིམ་ངོས་ནས་རྐང་འཁོར་གྱི་བདེ་འཇགས་ལ་སྔར་བས་འགན་ལེན་བྱས་ཡོད།

     མིག་སྔར། འཇར་མན་སྲིད་གཞུང་གིས་“རྒྱལ་ཁབ་ཀྱི་རྐང་འཁོར་འཆར་གཞི་3.0”བཟོས་ནས་ལག་བསྟར་བྱས་པ་དང་དེའི་དམིགས་ཡུལ་ནི་2030ལོར་“རྐང་འཁོར་རྒྱལ་ཁབ་”ཏུ་འགྱུར་བར་བྱ་རྒྱུ་དེ་རེད།